ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་སྲོལ་རྒྱུན་གྲོང་གསེབ་ལག་ཤེས་བཟོ་ལས་པ12རྒྱལ་ཁབ་རིམ་པའི་གྲོང་གསེབ་ཀྱི་ལག་ཤེས་པ་གྲགས་ཅན་སྐོར་དང་པོའི་གྲས་སུ་བདམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ལས་གྲོང་གསེབ་པུའུ་དང་སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། མཁར་གྲོང་སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས《གྲོང་གསེབ་ཀྱི་ལག་ཤེས་པ་གྲགས་ཅན་སྐོར་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱེད་པའི་སྐོར་གྱི་བརྡ་སྦྱོར》འགྲེམ་སྤེལ་བྱས་པ་དང་།  རང་ཞིང་གི་དགེ་མདུན་ཚེ་རིང་སོགས་ཞིང་ཆེན་རིམ་པའི་གྲོང་གསེབ་ཀྱི་ལག་ཤེས་པ་གྲགས་ཅན12རིམ་པ་རེ་རེ་བཞིན་གདམ་གསེས་འོས་སྦྱོར་བྱས་པ་བརྒྱུད། རྒྱལ་ཁབ་གྲོང་གསེབ་ཀྱི་ལག་ཤེས་གསོ་སྐྱོང་སྐུལ་འདེད་ཚོགས་ཆུང་གིས་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཀྱི་ལག་ཤེས་པ་གྲགས་ཅན་སྐོར་དང་པོ་རུ་ངོས་འཛིན་བྱས།

2023ལོ་ནས་བཟུང་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་ལག་ཤེས་པའི“ཉིས་བརྒྱ་ཉིས་སྟོང”གསོ་སྐྱོང་བཟོ་འགོད་དུས་གཅིག་ཏུ་ལག་བསྟར་བྱེད་མགོ་ཚུགས་པ་དང་། དེའི་དམིགས་ཡུལ་ནི་སྲོལ་རྒྱུན་བཟོ་རྩལ་དང་གྲོང་གསེབ་ལག་ཤེས་བཟོ་ལས་པ་སྐོར་ཞིག་སྔོག་འདོན་བྱས་པ་བརྒྱུད། སྔར་ལས་ལྷག་པར་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་ཞིང་པའི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དང་། སྲོལ་རྒྱུན་གྱི་ཡུལ་ཕྱོགས་རིག་གནས་དང་ལག་ཤེས་ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་སྟེ། སྔར་ལས་ལྷག་པར་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་སྤེལ་གཏོང་བ་དང་། ཐོན་ལས་དར་སྤེལ་གཏོང་བ། རིག་གནས་དར་སྤེལ་གཏོང་བ་བཅས་ལ་ཞབས་འདེགས་ཞུ་རྒྱུ་རེད། 

མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་ལག་ཤེས་པའི“ཉིས་བརྒྱ་ཉིས་སྟོང”སྐྱེད་སྲིང་བཟོ་འགོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། 《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་ལག་ཤེས་པའི་སྐྱེད་སྲིང་བྱ་བའི་ལག་བསྟར་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྲོང་གསེབ་ཀྱི་ལག་ཤེས་པའི“ཉིས་བརྒྱ་ཉིས་སྟོང”སྐྱེད་སྲིང་བཟོ་འགོད་ལག་བསྟར་ཇུས་གཞི》བཅས་འགྲེམ་སྤེལ་བྱས་ཏེ། གྲོང་གསེབ་ཀྱི་ལག་ཤེས་དང་གྲོང་གསེབ་ཀྱི་ལག་ཤེས་གྲགས་ཅན་དཔྱད་འདེམས་བྱེད་པའི་ཁྱབ་ཁོངས་དང་ཐོབ་ཐང་། ཚད་གཞི། གོ་རིམ་བཅས་གཏན་ཁེལ་བྱས་ཐོག སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་ལག་ཤེས་གསོ་སྐྱོང་ལས་དོན་སྐུལ་འདེད་ཚོ་ཆུང་བཙུགས་པ་དང་། སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ནས་གྲོང་གསེབ་ཀྱི་ལག་ཤེས་པའི་སྐྱེད་སྲིང་བྱ་བ་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་། མིག་སྔར་ཞིང་ཆེན་ཡོངས་སུ་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ལག་ཤེས་པ་སྐོར་དང་པོ92དཔྱད་འདེམས་དང་གཏན་ཁེལ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ལག་ཤེས་པ་གྲགས་ཅན20དཔྱད་བསྡུར་གཏན་འཁེལ་བྱས་པ། རྒྱལ་ཁབ་རིམ་པའི་གྲོང་གསེབ་ལག་ཤེས་པ་གྲགས་ཅན12འོས་སྦྱོར་བྱས་པ། རྒྱལ་ཁབ་རིམ་པའི་གྲོང་གསེབ་ཀྱི་ལག་ཤེས་པ2བཅས་འོས་སྦྱོར་བྱས་པ་དང་། བསྡོམས་རྩིས་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ལག་ཤེས་པ92ཀྱིས་མཐའ་འཁོར་གྱི་རོང་འབྲོག་མང་ཚོགས4000ལྷག་གི་ཡོང་འབབ་འཕར་ཕྱུག་འགྱུར་ཡོང་བར་ཕན་འབྲས་ཡོད་པའི་སྒོ་ནས་སྐུལ་འདེད་བྱས་པ་དང་། དེའི་ནང་དབུལ་སྒྲོལ་མི་གྲངས801དང་དབུལ་པོར་ཕྱིར་ལོག་རྒྱུ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ73བཅས་ཐད་ཀར་ལས་ཞུགས་མི་སྣ7421གསོ་སྦྱོང་བྱས།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།