མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་ནུས་མཉམ་སྤྱོད་ཀྲུང་ལུགས་སྨན་ཁང་ཐོག་མ་དངོས་སུ་སྤྱོད་མགོ་ཚུགས།
2024.05.08 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 0

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བློ་གྲོས་མཉམ་སྤྱོད་ཀྲུང་ལུགས་སྨན་ཁང་ཐོག་མ་དེ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་དུ་དངོས་སུ་མགོ་ཚུགས་པ་དང་། སྨན་ཁང་དེ་མཁར་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་ཅུའུ་དང་མཚོ་སྔོན་ཏ་མེ་ཚན་རྩལ་ཚད་ཡོད་ཀུང་སིས་ཐུན་མོང་སྒོས་བསྐྲུན་ཞིང་། མཁར་བྱང་ཁུལ་གྱི་སྨན་བཅོས་ཞབས་ཞུའི་མ་ལག་གི་ཁ་གསབ་གལ་ཆེན་ཞིག་ཡིན་ལ། ཀྲུང་ལུགས་སྨན་རྫས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་པའང་རེད།

རྒྱུས་ལོན་པ་ལྟར་ན། རིག་ནུས་མཉམ་སྤྱོད་ཀྲུང་ལུགས་སྨན་ཁང་དུ་ཀྲུང་ལུགས་སྨན་རྫས་ཀྱི་སྡེབ་སྒྲིག་ཁུལ་དང་བསྐྱར་ཞིབ་ཁུལ། སྦངས་ཁུལ་སོགས་ཁུལ་བདུན་ཡོད་པ་དང་། རིག་ནུས་སྨན་བསྡུ་སྒྲིག་ཆས་རྨང་གཞིར་བྱས་ཏེ་རྩིས་འཁོར་དང་དངོས་ཟོག་དྲ་སྦྲེལ། དྲ་སྦྲེལ་ལག་རྩལ་བཅས་སྤྱད་དེ་སྨན་སྡེབ་ལེགས་སྒྲིག་གི་ལག་རྩལ་བརྒྱུད་རིམ་དང་། ལག་རྩལ་སྤུས་ཚད་སོགས་ཀྱི་ལྷུ་ཚིགས་ཧྲིལ་པོར་རང་འགུལ་ཅན་གྱི་དོ་དམ་དང་ཚོད་འཛིན། ཆ་འཕྲིན་ཁུངས་འདེད་བཅས་བྱས་ཏེ་ཚད་ལྡན་གྱི་གསར་གཏོད་རྣམ་པའི་སྨན་བསྡུ་ཞབས་ཞུའི་མ་ལག་གི་སྤྱི་ཡོངས་ཐག་གཅོད་ཇུས་གཞི་བཟོས་ཡོད་པར་མ་ཟད། རིག་ནུས་ཅན་གྱི་སྨན་བསྡུ་ཐབས་མངོན་འགྱུར་བྱས་ཡོད། དེ་དང་ཆབས་ཅིག སྨན་རྒྱུ་ཞིང་ཆེན་རིམ་པའི་སྡེ་ཁག་གིས་གཅིག་གྱུར་སྒོས་ཉོ་སྒྲུབ་བྱེད་པ་དང་། རིན་གོང་དམའ་ལ་སྤུས་ཚད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་བྱས་ཆོག 

རྩོམ་སྒྲིག་པ། འབྲུག་མོ།