སེམས་ཀྱི་ཉི་ཟླས་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ནགས་ཕག་མཚོ་ཕྱོགས་བསྡུས་སྲུང་སྐྱོང་བཅོས་སྐྱོང་ལས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་ཆེད་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་དུས་གྲོང་ཁྱེར་དོ་དམ་ལས་དོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གྲྭ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། དེའི་ནང་གཙོ་བོ་གྲོང་ཁུལ་གྱི་མདོང་དྲ་འཐུས་ཚང་དུ་གཏོང་བའི་ལས་གྲྭ་དང་གཞིས་ཁུལ་རྙིང་པའི་ཆར་ཆུ་དང་བཙོག་ཆུ་མདོང་དྲ། ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་བཤང་བ། གྲོང་ཁྱེར་དོ་དམ་ལས་དོན་གྱི་རྨང་གཞིའི་སྒྲིག་བཀོད་ལག་བསྟར་སྲུང་སྐྱོང་སོགས་ཀྱི་རྣམ་གྲངས་ཚུད་ཡོད།

    རྒྱུས་ལོན་བྱུང་བ་ལྟར་ན།གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ནགས་ཕག་མཚོའི་ཕྱོགས་བསྡུས་སྲུང་སྐྱོང་དང་བཅོས་སྐྱོང་བྱ་རྒྱུར་གཞི་ཚུགས་ཏེ་མདོང་དྲའི་ཆར་ཆུ་མཉམ་རྒྱུག་དང་ས་འོག་གི་ཆུ་བཙོག་ཆུ་མདོང་ལམ་ནང་སིམ་འཛུལ་བྱེད་པ། བཙོག་ཆུ་ཆུ་ལམ་དུ་བཞུར་བ་སོགས་ཀྱི་གནད་དོན་ཐག་གཅོད་མཐར་ཕྱིན་པ་བྱ་རྒྱུ་རེད།2025ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་གྲོང་ཁུལ་གྱི་འཚོ་བའི་བཙོག་ཆུ་ཐད་གཏོང་ཁ་མེད་པར་བཟོ་བ་དང་།གྲོང་ཁུལ་གྱི་ཆར་བཙོག་སྦུ་གུའི་དྲ་བ་སྦྲེལ་ནོར་ཤོར་བ་དང་།བསྲེས་མཐུད་བྱེད་པ།ཟགས་མཐུད་བཅོས་སྐྱོང་དང་སྦུག་དྲ་རྙིང་པ་ཉམས་གསོ་དང་བསྒྱུར་བཀོད་ལེགས་འགྲུབ་བྱེད་པ།བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་འདྲེན་གར་ཚད་ཆེས་ཆེར་མཐོ་རུ་གཏོང་བ།གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཅིག་བསྡུས་ཀྱིས་བསྡུ་རུབ་བྱེད་ཚད་བརྒྱ་ཆ་55%ཡན་ཟིན་པར་བརྩོན་ལེན་བཅས་བྱ་དགོས།བཙོག་ཆུ་གཙང་སེལ་བཟོ་གྲྭ་ནས་ཐོན་པའི་BOD5ཡི་གར་ཚད་80mg/Lལས་མཐོ་བ་ཡོད་པ་བྱས་ནས། དུས་འགོའི་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པ་དང་སྐྲུན་བཞིན་པའི་རྣམ་གྲངས་སྔ་ཙམ་ལས་མཇུག་འགྲིལ་བ་དམིགས་ཚད་དུ་བྱས་ཏེ་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་འགག་སྒྲོལ་ལ་ཕན་འབྲས་གསར་པ་ཐོན་རྒྱུར་རོགས་རམ་བྱས་པ་རེད།