མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཉེན་རྟོག་པར་གཅར་མཁན2ཁྲིམས་ལ་སྦྱར།

  2024-05-08 11:11:20 

2024ལོའི་ཟླ4པའི་ཚེས19ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མི་དམངས་ཁྲིམས་ཁང་གིས་ཉེན་རྟོག་པར་རྒོལ་རྡུང་བཏང་བའི་ཉེས་བསགས་ཤིག་ལ་ཡོངས་བསྒྲགས་ཁྲིམས་ར་འཚོགས་ནས་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད།

འདྲི་གཅོད་བྱས་པ་བརྒྱུད། བསམ་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་གཉིས་ཀྱིས་ཆང་འཐུངས་རྗེས་མང་ཚོགས་ལ་བསྙད་བརྐོ་ཟིང་སློང་བྱས་ཤིང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་སྙན་སེང་འབྱོར་རྗེས་ཉེན་རྟོག་པ་བཏང་ནས་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད། ཚེ་ཆེ་གེ་མོས་ཉེན་རྟོག་པའི་རླངས་འཁོར་ལ་རྡོ་ཡིས་བརྒྱབ་པར་མ་ཟད། སྐེ་རགས་ཀྱིས་ཉེན་རྟོག་པར་བརྡུངས་ནས་རྨས་སྐྱོན་བཟོས་ཡོད་པ་དང་། བསམ་ཆེ་གེ་མོས་ཉེན་རྟོག་པའི་ཁ་པར་ཕྲོགས་ནས་ཉེན་རྟོག་པ་པར་བླངས་ཡོད་པ་རྩད་ཆོད།

གསལ་འབྱེད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པར་རྨས་སྐྱོན་ཡང་མོ་བཟོས་ཡོད་པ་དང་། ཉེན་རྟོག་པའི་རླངས་འཁོར་ལ་གཏོར་སྐྱོན་ཕོག་པའི་ཆ་ཤས་ཀྱི་བཟོ་གླར་སྒོར5257.64ཟིན། གཏུག་ཡུལ་གཉིས་པོར་ཉིན་གཉིས་པ་བཟུང་ནས་ཉེས་དོན་བཙན་ཐབས་སྤྱད་པ་དང་། གཞུང་གཏུག་ལས་ཁུངས་སུ་ནག་ཉེས་ངོས་ལེན་དང་ཉེས་ཆད་ཁས་ལེན་གྱི་ཡི་གེ་བཞག་ནས། བྱས་ཉེས་བསགས་པ་ངོས་ལེན་དང་ཉེས་ཆད་ཁས་ལེན་བྱས་པ་མ་ཟད་གྱོང་གུད་སྐྱིན་ཚབ་ཀྱང་འཇལ་བ་རེད།

འདྲི་གཅོད་བྱས་པ་བརྒྱུད། བསམ་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་གཉིས་པོས་ཁྲིམས་ལྟར་ལས་འགན་སྒྲུབ་མཁན་མི་དམངས་ཉེན་རྟོག་པར་ཉེས་རྡུང་བཏང་བ་དེ་ནི་ཉེན་རྟོག་པར་རྒོལ་བའི་ཉེས་བསགས་ཀྱི་ཁོངས་སུ་གཏོགས་པས། སོ་སོར་དུས་བཀག་བཙོན་འཇུག་ལོ1དང་ཟླ2དང་ལོ1དང་ཟླ1གི་ཁྲིམས་ཆད་གཅོད་དགོས་པའི་ངོས་འཛིན་བྱས།

མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ལས་འགན་སྒྲུབ་པར་གཞོགས་འདེགས་བྱེད་པ་ནི་སྤྱི་དམངས་ཀྱིས་འཁུར་དགོས་པའི་འོས་འགན་ཞིག་ཡིན་ཞིང་། ཁྲིམས་འཛིན་གྱི་དབང་གྲགས་ལ་འཁྲུག་སློང་བྱེད་མི་རུང་ལ། བཅའ་ཁྲིམས་ཀྱི་གཟི་རྔམ་ལ་འགྲན་སློང་ཡང་བྱེད་མི་རུང་། ཁྲིམས་འཛིན་གྱི་དབང་གྲགས་ལ་འགྲན་སློང་དང་གནོད་འཚེ་གཏོང་རིགས་ལ་བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་གཅོད་ངེས་རེད།

རྩོམ་སྒྲིག་པ། སངས་བཀྲ།