མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

སྦལ་བ་སྟོང་གསུམ་བཟུང་བའི་མཇུག་འབྲས།

མཁའ་འབུམ་རྒྱལ།  2024-05-08 11:10:56 

2024ལོའི་ཟླ4པའི་ཚེས11ཉིན། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུའུ་ནགས་ཚལ་ཉེན་རྟོག་རུ་ཆེན་ལ་ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་ཨན་ཏིང་ཡན་ལག་ཅུའུ་ཡི་གྱོད་སྒྲུབ་རོགས་ལས་རེ་ཞུ་འབྱོར་རྗེས། འཕྲལ་མར་གྱོད་སྒྲུབ་བྱ་བ་སྤེལ།

ཉིན་གཉིས་རིང་ལ་ཞིབ་ཚགས་ཀྱིས་གྲལ་བཤེར་དང་ལྟ་རྟོག་བྱས་པ་བརྒྱུད། གྱོད་དོན་དང་འབྲེལ་བའི་དོགས་ཡོད་ཉེས་ཅན་གྱི་འགྲོ་འདུག་དང་སྡོད་གནས་མགྱོགས་མྱུར་ངང་གཏན་འཁེལ་བྱས་ཏེ། ཟླ4པའི་ཚེས12ཉིན་གྱི་སྔ་དྲོར། ཅིང་དབྱང་གྲོང་རྡལ་ཀན་ཧྲུའུ་ཝན་སྡེ་བའི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་དུ་ཁྲིམས་འགལ་དོགས་ཡོད་ཉེས་ཅན4འཛིན་བཟུང་བྱས་ཤིང་། དེའི་ཁྲོད་དྲ་ཐོག་བྲོས་བྱོལ་བྱེད་བཞིན་པའི་མི་སྣ2ཡོད་ལ། ཡུལ་དངོས་སུ་ཁྲིམས་འགལ་ངང་འཛིན་བཟུང་བྱས་པའི“ཀྲུང་ཧྭའི་སྦལ་ཆེན”3000ལྷག་དང་གྱོད་དོན་བཟོ་བྱེད་ཀྱི་རླངས་འཁོར1རྩད་ཆོད།

མིག་སྔར། གྱོད་དོན་དང་འབྲེལ་བའི་དོགས་ཡོད་ཉེས་ཅན4ཚང་མ་གྱོད་སྒྲུབ་ལས་ཁུངས་སུ་རྩིས་སྤྲོད་བྱས།

རྩོམ་སྒྲིག་པ། སངས་བཀྲ།