མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཡུས་ཧྲུའུ་རུ་མགྲོན་ཁང་ཞིག་ལ་མེ་སྐྱོན་བྱུང་།

སངས་བཀྲ།  2024-05-08 11:11:42 

ཟླ4པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་བསྒྲགས་པ་ལྟར་ན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མགྲོན་ཁང་ཞིག་ཏུ་གཉེར་སྐྱོང་མཁན་གྱིས་ལས་འཛོལ་བྱུང་ནས་མེ་སྐྱོན་བྱུང་བས་ཉིན10ཡི་སྲིད་འཛིན་བཀག་ཉར་བྱས་པ་རེད།

ཟླ4པའི་ཚེས13ཉིན་གྱི་ཆུ་ཚོད1དང་སྐར་མ19ཡས་མས་སུ། ཡུས་ཧྲུའུ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་རུ་ཆེན་ལ་ཡུལ་ཤུལ་གྲོང་ཁྱེར་སྦྲ་ནག་མགྲོན་ཁང་དུ་མེ་སྐྱོན་བྱུང་བའི་གནས་ཚུལ་འབྱོར་རྗེས། མེ་ཟོན་རོགས་སྐྱོབ་མགྱོགས་མྱུར་ངང་ཡུལ་དངོས་སུ་ཐག་གཅོད་བྱེད་དུ་མངགས། ཚེས13ཉིན་གྱི་ཆུ་ཚོད1དང་སྐར་མ51ཡི་ཐོག་མེ་ཡོངས་སུ་བསད་པར་མ་ཟད་མི་གཅིག་ལའང་རྨས་སྐྱོན་བཟོས་མེད། བརྟག་དཔྱད་བྱས་པ་བརྒྱུད། མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་ནི་གཉེར་སྐྱོང་པས་ནུས་ཚད་ཆེ་བའི་གློག་ཆས་སྤྱད་པས་གློག་ལམ་གྱི་ཐེག་ཚད་ལས་བརྒལ་ནས་མཐའ་འཁོར་གྱི་འབར་སླ་བའི་དངོས་པོ་འབར་ནས་མེ་སྐྱོན་བྱུང་བ་རེད།

ཡུས་ཧྲུའུ་གྲོང་ཁྱེར་སྦྲ་ནག་མགྲོན་ཁང་གི་གཉེར་སྐྱོང་པ་ནི་ལས་ཁུངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འགན་འཁུར་པ་ཡིན་པའི་ངོས་ནས་རང་འདོད་ལྟར་སྒྲིག་འགལ་གྱིས་ཚོན་ལྡན་ལྕགས་ལེབ་ཁང་པ་བསྐྲུན་པ་དང་། བླང་བྱ་ལྟར་རམ་དུས་བཀག་ལྟར་མི་སྣ་རྩ་འཛུགས་བྱས་ནས་མེ་ཟོན་སྒྲིག་ཆས་དང་གློག་ཤུགས་སྐུད་ལམ་ལ་ཞིབ་བཤེར་བྱས་མེད་པར་མ་ཟད། གློག་ཤུགས་སྐུད་ལམ་གྱི་གློག་གནོན་བརྟན་པོ་མེད་པ་ཤེས་བཞིན་རྒྱུན་དུ་སྒྲིག་གཞི་ལས་འགལ་ཏེ་ནུས་ཚད་ཆེ་བའི་གློག་ཆས་བེད་སྤྱོད་བྱས་པ་རེད།    

ཡུལ་ཤུལ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་སྦྲ་ནག་མགྲོན་ཁང་གི་གཉེར་སྐྱོང་པར་སྲིད་འཛིན་བཀག་ཉར་ཉིན10ཡི་ཆད་པ་བཅད།སངས་བཀྲ་ཡིས་བསྒྱུར།

རྩོམ་སྒྲིག་པ། སངས་བཀྲ།