མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

​ཉེས་ཅན680ལྷག་རྒྱལ་ནང་དུ་ལྟ་སྐྱེལ་བྱས།

  2024-05-08 11:11:31 

ཟླ4པའི་ཚེས21ཉིན་གྱི་ཞོགས་པར། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱི་གཙང་གླས་གནམ་གྲུ་གཉིས་ཧུའུ་པེ་ཝུའུ་ཧན་ཐན་ཧོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བབས་པ་དང་བསྟུན། རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་རྒྱན་འཛུགས་ཁ་བསླུས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་དོགས་ཡོད་མི་སྣ135རང་རྒྱལ་སྤྱི་བདེ་ལས་ཁུངས་ཀྱིས་ཁམ་ཕུ་ཁྲེ་ནས་རྒྱལ་ནང་དུ་ལྟ་སྐྱེལ་བྱས་པ་རེད། མིག་སྔའི་བར། ཁམ་ཕུ་ཁྲེའི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པའི་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་རྒྱན་འཛུགས་མགོ་སྐོར་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་དོགས་ཡོད་མི་སྣ680ཚང་མ་རང་རྒྱལ་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ནང་དུ་ལྟ་སྐྱེལ་བྱས་ཟིན།

ཉེ་བའི་ལོ་ཤས་རིང་། མི་དམངས་མང་ཚོགས་ཀྱིས་ལན་ཆ་ཆེན་པོ་བྱེད་པའི་རྒྱལ་མཚམས་ལས་སྒྲོལ་བའི་རྒྱན་འཛུགས་དང་གློག་འཕྲིན་དྲ་རྒྱའི་མགོ་སྐོར་སོགས་ཁྲིམས་འགལ་ཉེས་གསོག་མངོན་གསལ་དོད་པར་དམིགས་ཏེ། སྤྱི་བདེ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ་དང་། ལམ་འབྱེད་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ཐོག མངའ་ཁོངས་ལས་སྒྲོལ་བའི་ཉེས་གསོག་ཚོགས་པ་མང་པོ་ཞིག་རྩ་གཏོར་བཏང་བ་དང་ཁྲིམས་འགལ་པ་འབོར་ཆེན་ཞིག་འཛིན་བཟུང་བྱས་པ་རེད།

ད་ལོ་ནས་བཟུང་། རང་རྒྱལ་སྤྱི་བདེ་ལས་ཁུངས་ཀྱིས་སྔ་རྗེས་སུ་འབར་མ་དང་ཧྥི་ལི་ཕིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་རྒྱལ་ཁབ་ནས་རྒྱན་འཛུགས་ཁ་བསླུས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་དོགས་ཡོད་མི་སྣ་ཁྲི་ཁ་ཤས་རྒྱལ་ནང་དུ་ལྟ་སྐྱེལ་བྱས་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལྷག་པར་ཉེ་ཆར་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཉེན་རྟོག་ཕྱོགས་ཀྱིས་རྒྱན་འཛུགས་ཁ་བསླུས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་བྱ་སྤྱོད་སྒྲིག་འཛུགས་བྱས་ནས། ཁྲིམས་འགལ་ཉེས་གསོག་དོགས་ཡོད་མི་སྣ་ཁག་གཅིག་འཛིན་བཟུང་བྱས་པ་མ་ཟད། ཟླ4པའི་ཚེས12ཉིན་ནས་བཟུང་། ཧུའུ་པེའི་སྤྱི་བདེ་ལས་ཁུངས་ཀྱིས་གནམ་གྲུ་མང་པོ་གཙང་གླས་ཀྱིས་འབྲེལ་ཡོད་མི་སྣ་ཁག་བགོས་བྱས་ནས་རྒྱལ་ནང་དུ་ལྟ་སྐྱེལ་བྱས་པ་དང་། མངའ་ཁོངས་ཕྱིའི་རང་རྒྱལ་དང་འབྲེལ་བ་ཡོད་པའི་ཉེས་གསོག་ཚོགས་པའི་འཛེམ་མེད་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་།

མིག་སྔར། སྤྱི་བདེ་པུས་ཧུའུ་པེའི་སྤྱི་བདེ་ལས་ཁུངས་བཀོད་སྒྲིག་བྱས་ནས་ནུས་ཤུགས་ཡོད་རྒུས་གྱོད་གཞི་མྱུལ་ཞིབ་དང་ཐག་གཅོད་ལས་དོན་སྤེལ་མུས་རེད།

རྩོམ་སྒྲིག་པ། སངས་བཀྲ།