ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་སྐྱེས་པ་ཞིག་གིས་རླངས་འཁོར་སྐོར་ནས་ཕོ་བྲང་དཀར་པོའི་ཕྱི་སྐོར་གྱི་བདེ་སྲུང་སྒོ་ལ་བརྡུངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཨ་རིའི་ཁྲིམས་འཛིན་སྡེ་ཁག་གིས་ཟླ5བའི་ཚེས5ཉིན་བསྒྲགས་པ་ལྟར་ན། ཟླ5བའི་ཚེས4ཉིན་གྱི་དགོང་མོར་སྐྱེས་པ་ཞིག་གིས་རླངས་འཁོར་ཆུང་ཆུང་ཞིག་སྐོར་ནས་ཕོ་བྲང་དཀར་པོའི་ཕྱི་རོལ་གྱི་བདེ་སྲུང་སྒོ་ལ་བརྡུངས་རྗེས་རྐྱེན་ལམ་དུ་ཤོར། ཉེན་རྟོག་པས་འགྲིམ་འགྲུལ་དོན་རྐྱེན་ལྟར་དོན་རྐྱེན་འདི་ལ་བརྟག་དཔྱད་བྱས་པ་དང་། ཙུང་ཐུང་གི་བཞུགས་སྒར་ལ་འཇིགས་སྐུལ་ཐེབས་མེད་ཟེར། 

ཧྭ་ཧྲིན་ཏུན་གྲོང་ཁྱེར་ཉེན་རྟོག་ཅུའུ་ཡིས་དོན་རྐྱེན་དེ“འགྲིམ་འགྲུལ་དོན་རྐྱེན་ལྟར”ཧྭ་ཧྲིན་ཏུན་ཉེན་རྟོག་ཕྱོགས་ཀྱི་འགྲིམ་འགྲུལ་སྡེ་ཁག་གིས་བརྟག་དཔྱད་བྱེད་བཞིན་ཡོད་ཟེར། 

དམིགས་བསལ་ཞབས་ཞུ་ཅུའུ་ཡིས་དོན་རྐྱེན་བྱུང་རྗེས། ཙུང་ཐུང་ཉེན་སྲུང་འགན་འཁུར་སྡེ་ཁག་གི་གཏན་འབེབས་གཞིར་བཟུང་ནས་འབྲེལ་ཡོད་གོ་རིམ་ལག་བསྟར་བྱས་པས། ཕོ་བྲང་དཀར་པོ་དང་ལས་དོན་མི་སྣར་འཇིགས་སྐུལ་ཐེབས་མེད་པ་དང་། དམིགས་བསལ་ཞབས་ཞུ་ཅུའུ་ཡིས་ཧྭ་ཧྲིན་ཏུན་ཉེན་རྟོག་ཕྱོགས་དང་མེ་ཟོན་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་མུ་མཐུད་དུ་བརྟག་དཔྱད་བྱེད་བཞིན་ཡོད་ཟེར། ། 






 
རྩོམ་སྒྲིག་པ། : བདེ་ལེགས་མཚོ།