མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས07ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-07 07:35:40   |   59

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་ཨའེ་ལི་ཧྲེ་ཕོ་བྲང(爱丽舍宫)དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང(马克龙)དང་གྲོས་མོལ་གནང་བ་རེད།

1.png

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས6ཉིན་གྱི་ཕྱི་དྲོ། ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཕ་རི་སིར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་གཉེར་བའི་གཟབ་རྒྱས་ཀྱི་དགའ་བསུ་མཛད་སྒོར་ཞུགས་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་ལྷན་དུ་ཀྲུང་ཧྥའི་ཁེ་ལས་མཁས་ཅན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་མཇུག་འགྲིལ་མཛད་སྒོར་ཞུགས་ཤིང་། ཆབས་ཅིག་ཏུ《སྔ་འཛིན་ཕྱི་གཏོད་ཀྱིས་ཀྲུང་གོ་དང་ཧྥ་རན་སེའི་མཉམ་ལས་ཀྱི་དུས་རབས་གསར་པ་མཉམ་དུ་གཏོད་དགོས》ཞེས་པའི་ཤིས་ཚིག་གལ་ཆེན་ཡང་སྤེལ་བ་རེད། 

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པ་དང་མཇལ་འཛོམས་གནང་བ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་གཉེར་བའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་པ་རེད།

2.png

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས6ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་ཨའེ་ལི་ཧྲེ་ཕོ་བྲང་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་། ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན(冯德莱恩)མཉམ་དུ་ཀྲུང་གོ་དང་ཧྥ་རན་སེ། ཡོ་རོབ་བཅས་མགོ་ཁྲིད་པ་ཕྱོགས་གསུམ་གྱི་མཇལ་འཛོམས་གནང་བ་རེད།

  • ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་གསར་སྒྱུར་དཔེ་སྟོན་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ“ཡོད་མེད”ནས་“ལེགས་མིན་”དུ་འགྱུར་བར་སྐུལ་འདེད་བཏང་།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི“ལྔ་གཅིག”ངལ་གསོའི་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར13.6ཟིན་པ་དེ2023ལོའི་དུས་མཚུངས་ལས2.1%འཕར་ཡོད།

3.jpg

  • རིག་གནས་གནས་སྐོར་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི“ལྔ་གཅིག”ངལ་གསོའི་རིང་རྒྱལ་ནང་དུ་གནས་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར2.95ཟིན་པ་དང་། གནས་སྐོར་བ་གནས་སྐོར་དུ་འགྲོ་བའི་འགྲོ་སོང་སྒོར་དུང་ཕྱུར1668.9ཟིན་ནས་གནས་སྐོར་བའི་སྤྲོ་སེམས་གང་ལེགས་མངོན་ཡོད་པ་རེད།

  • རྒྱལ་ཁབ་གློག་བརྙན་ཅུ་ཡིས་སྡོམ་རྩིས་བྱས་པར་གཞིགས་ན། ད་ལོའི“ལྔ་གཅིག”ངལ་གསོའི་རིང་རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར15.27ཟིན་པ་དང་། གློག་བརྙན་ལྟ་མཁན་མི་ཐེངས་ཁྲི3777ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་བརྒལ་ཡོད་པ་རེད།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་རྒྱལ་སྤྱིའི་ཐོག་འོད་རྡུལ་གྱི་སྐར་གྲངས་ཚད་རྡུལ་གྱི་རྒྱུན་ལྡན་མིན་པའི་ཧོར་རྣམ(霍尔态)ཐོག་མར་མངོན་འགྱུར་བྱུང་ནས་ནུས་ཆེའི་ངང་ཚད་རྡུལ་དངོས་རྣམ་ཞིབ་འཇུག་བྱེད་པར་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད།

4.jpg

  • ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཨོ་རྩལ་འགྲན་ཚོགས་དང་། དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་ཀྱི་མེ་སོན་སྟེགས་བུའི་ཇུས་འགོད་ཇུས་གཞི་ཁྱབ་བསྒྲགས་བྱས་པ་རེད།

    སྤྱི་ཚོགས།

  • གཟའ་འཁོར་འདིར་བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བར་གནམ་ངོ་དྭངས་ཤིང་དྲོད་ཚད་མཐོ་རུ་འགྲོ་རྒྱུ་ཡིན་པ་དང་། ས་ཆ་མང་ཆེ་བའི་དྲོད་ཚད་མཐོ་ཤོས30℃ལས་བརྒལ་རྒྱུ་ཡིན་པས་དབྱར་མགོ་ཚུགས་སྲིད་པ་རེད།

  • རྒྱལ་ཁབ་བར་མཐོངས་གནམ་གཤིས་ལྟ་ཞིབ་ཚད་ལེན་སྔོན་བརྡའི་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་ཉི་མར་རིམ་པMདང་ཡང་ན་རིམ་པXཡི་ཟེར་ཐིག་བྱུང་སྲིད་པ་དང་། རང་རྒྱལ་གྱི་ས་ཁུལ་ཁག་གཅིག་གི་གློག་གྱེས་རིམ་པའི་གནམ་གཤིས་ལ་གནོད་འཚེ་ཕོག་ཉེན་ཡོད་པ་རེད།

  • དམངས་སྲིད་པུས་བརྡ་ཐོ་བཏང་སྟེ། ས་གནས་ཁག་གིས་ཡོང་འབབ་དམའ་བའི་མི་འབོར་གཏན་འཁེལ་ལས་དོན་ཕྱོགས་ཡོངས་ནས་སྤེལ་ནས་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

  • ཉེ་ཆར། སྟབས་བདེ་ཅན་གྱི་གསལ་བཤད་ཡི་གེ་ཁག་དང་པོ་སྨན་རྫས་ཁྲོམ་རར་བཏོན་པ་རེད། སྟབས་བདེ་ཅན་གྱི་གསལ་བཤད་ཡི་གེ་ནི་ཡིག་གཟུགས་ཆེ་བས་རྒན་རྒོན་གྱིས་ལྟ་ཀློག་བྱེད་བདེ་པོ་ཡོད།

5.jpg

  • ཚེས6ཉིན། 2024ལོའི་རྒྱལ་སྤྱིའི་འཕེན་གཏོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་བུམ་པའི་ཨ་ཟེར་བྷེ་ཇན་གྱི་པ་ཁུའུ་ས་ཚིགས་ཀྱི་སྐྱེས་པའི་སྨི་བཅུའི་རླུང་མདའ་འགྲན་བསྡུར་ཁྲོད་ཀྲུང་གོའི་འགྲན་ཞུགས་པ་ཧྲེང་ལི་ཧའོ་དང་ཏུའུ་ལིན་ཧྲུའུ་ཡིས་ཨང་དང་པོ་དང་གཉིས་པ་བླངས་པ་རེད།

  • རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲོན་ཧྲའན་ཀྲེ་ལུའོ་ཉ་སལ་མོན(川陕哲罗鲑)མི་ཐབས་ལ་བརྟེན་ནས་སྐྱེ་འཕེལ་ལེགས་གྲུབ་བྱུང་བ་དང་། མིག་སྔར་ཟླ་གཉིས་ཀྱི་ཉ་ཕྲུག3500ལྷག་ཙམ་སྐྱེ་འཕེལ་བྱུང་ཡོད་པ་རེད།

6.png

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཧྥུའུ་ཅན་གྱི་ལུང་ཡན་ཧྲང་ཧང་ནས་འཛམ་གླིང་ཐོག་གི་སྡེར་འབྲུག་རིགས་ཀྱི་རྗེས་ཤུལ་ཆེ་ཤོས་རྙེད་པ་མ་ཟད། རྗེས་ཤུལ་གསར་པ་བཙུགས་པ་དེའི་མིང་ལ“དབྱིན་ལིའང་ཧྥུའུ་ཅན་གྱི་རྗེས་ཤུལ(英良福建足迹)” ཞེས་འབོད་པ་ཡིན།

7.jpg

  • ཀྲེ་ཅང་ཝུན་ཀྲོའུ(浙江温州)ལྷོ་ཚུགས་ཀྱི་སྟེགས་བུའི་ཐོག་ལོ་བདུན་ཅུ་ཙམ་ལ་སླེབས་པའི་ཐའེ་དབན་གྱི་སྤུན་ཟླ་སྐུ་ཞབས་ཀྲེང་ལགས་གློ་བུར་དུ་སྙིང་རྩ་འགག་པས། ལམ་བར་དུ་ཡོད་པའི་སྨན་པ་དབྱང་ཐིང་ཧྲུན་དང་ཀོན་ཞུའེ་ཅོན་གྱིས་མྱུར་དུ་མྱུར་སྐྱོབ་བྱས་ནས་སྐུ་ཞབས་ཀྲེང་ཉེན་ཁའི་གནས་ནས་ཐར་བ་རེད།

སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་བརྒྱད་ཀྱིས《ནད་གཞི་ལྕི་བའི་གསོ་རིག་སྨན་བཅོས་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཏེ། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཡོངས་ཀྱི་ནད་གཞི་ལྕི་བའི་གསོ་རིག་གི་ཉལ་ཁྲི་མི་ཁྲི10རེར་ཉལ་ཁྲི15ཟིན་རྒྱུ་ཡིན་ཞེས་བཏོན་ཡོད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཚན་གསུམ་གྱིས་ལས་ཤོར་འགན་བཅོལ་གྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ལས་གནས་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་ཚད1%བར་དུ་དམའ་རུ་གཏོང་བའི་དུས་མཚམས་རང་བཞིན་གྱི་སྲིད་ཇུས2025ལོའི་ལོ་མཇུག་བར་རྒྱུན་མཐུད་བྱ་རྒྱུ་ཁ་གསལ་བཏོན་ཡོད།

  • ཧྲེན་ཀྲེན་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུ་ཡིས་ཁུལ་དབྱེ་ནས་སྡོད་ཁང་ཉོ་སྒྲུབ་ཚོད་འཛིན་སྲིད་ཇུས་ལེགས་སུ་བཏང་སྟེ། ཁེ་ལས་དང་བྱ་གཞག་ཚན་པས་ཚོང་ཟོག་སྡོད་ཁང་ཉོ་བའི་སྲིད་ཇུས་ལེགས་སྒྲིག་བྱེད་པ་དང་། ལག་བརྒྱུད་ཁང་པའི་ཉོ་ཚོང་སྟབས་བདེ་ཡོང་བ་བྱེད་པ་སོགས་ཀྱི་ས་ཁང་བདག་ཁོངས་ཀྱི་སྲིད་ཇུས་སྔར་བས་ལེགས་སུ་གཏོང་རྒྱུའི་བརྡ་ཐོ་བཏང་།

དེ་རིང་གི་གནམ་གཤིས།

8.jpg

  • སི་ཁྲོན་གྱི་ཤར་ལྷོའི་རྒྱུད་དང་། ཁྲུང་ཆིང་། ཧུའུ་ནན་གྱི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ས་ཆ་མང་ཆེ་བ། ཀོང་ཞིའི་ས་ཆ་མང་ཆེ་བ། ཀོང་ཏུང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆེ་བ་བར་འབབ་རྒྱུ་རེད། དེའི་ཁྲོད་ཧུའུ་ནན་གྱི་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད། ཀོང་ཞིའི་དབུས་རྒྱུད། ཀོང་ཏུང་གི་དབུས་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།