འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་6ཉིན།

༄༅།།ས་མཐོའི་འབུ་སྲིན་རིགས་གཅིག་མཁས་ཅན་ཟླ་བས་ཚེ་སྲོག་གི་གསང་བ་འཚོལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་06ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་བས་ལྷ་སར་གནས་པའི་བོད་རང་སྐྱོང་ལྗོངས་ཀྱི་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་ཕྱེ་མ་ལེབ་ཀྱི་མ་དཔེ་ཡིན་པ།(ཟླ་4ཚེས་22ཉིན་པར་བླངས)
འདི་ནི་ཟླ་བས་ལྷ་སར་གནས་པའི་བོད་རང་སྐྱོང་ལྗོངས་ཀྱི་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་ཕྱེ་མ་ལེབ་ཀྱི་མ་དཔེ་ཡིན་པ།(ཟླ་4ཚེས་22ཉིན་པར་བླངས)
     འདི་ལོ་ལོ་55ལ་སོན་པའི་བོད་རང་སྐྱོང་ལྗོངས་ཀྱི་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བས་འབུ་སྲིན་རིགས་དབྱེའི་ཞིབ་འཇུག་ལས་ཀ་བྱས་ནས་ལོ་30ལྷག་ཙམ་སོང་བ་དང་2024ལོར་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས་ཐོབ་པ་རེད།
     ལོ་མང་རིང་ཟླ་བ་དང་ལས་རོགས་ཚོས་བོད་ཀྱི་རི་མཐོ་དང་གྲོག་རོང་དང་རྩྭ་ཐང་དང་མཚེའུར་བསྐྱོད་དེ་ལོ་ལྟར་ཐང་སྟོང་དུ་ཚན་རིག་རྟོག་ཞིབ་བྱེད་ཡུན་ཉིན་140ལྷག་ཙམ་དང་ལམ་ཐག་སྤྱི་ལེ་ཁྲི་2ཙམ་ཟིན་གྱི་ཡོད། ཟླ་བས་འབུ་སྲིན་འཚོལ་བསྡུ་བྱས་ཚེ་རྩ་ཆེའི་དངོས་རིགས་དེ་དག་ལ་ཤེས་རྟོགས་དང་སྲུང་སྐྱོང་དེ་བས་ལེགས་པར་ཐུབ་ནས་ས་མཐོའི་སྐྱེ་ཁམས་དོ་སྙོམས་དང་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་ཡོང་བར་ཕན་ཐོགས་ཡོད་ཅེས་བརྗོད།
     ཟླ་བ་དང་ཁོང་གི་དཔུང་ཁག་ལ་བོད་དུ་འཚོ་བཞིན་པའི་ཕྱེ་མ་ལེབ་ཀྱི་རིགས་300ལྷག་ཙམ་གསར་དུ་རྙེད་པ་དང་དེ་ཚོའི་ཚེ་ཐག་ཐུང་མོད། འོན་ཀྱང་འཕྲལ་མར་འཆི་འགྲོ་བའི་ཚེ་སྲོག་དེ་དག་ཚན་ཞིབ་པའི་ལག་ནས་ཡུན་གནས་སུ་གྱུར་གྱི་ཡོད། ཟླ་བའི་ངོས་ནས་བརྗོད་ན་གསར་དུ་རྙེད་པའི་དངོས་རིགས་དེ་དག་ཚང་མ་ལས་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྐོག་གྱུར་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད།
འདི་ནི་ལྷ་སར་གནས་པའི་བོད་རང་སྐྱོང་ལྗོངས་ཀྱི་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་རུ་ཟླ་བ(གཡས)དང་སློབ་མས་མ་དཔེ་འཚོལ་བསྡུའི་ཆ་འཕྲིན་མཉམ་དུ་ཕབ་འཇུག་བྱེད་བཞིན་པ།
འདི་ནི་ལྷ་སར་གནས་པའི་བོད་རང་སྐྱོང་ལྗོངས་ཀྱི་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་རུ་ཟླ་བ(གཡས)དང་སློབ་མས་མ་དཔེ་འཚོལ་བསྡུའི་ཆ་འཕྲིན་མཉམ་དུ་ཕབ་འཇུག་བྱེད་བཞིན་པ།