དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ཀྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-06

    “ལྔ་གཅིག”གུང་གསེང་རིང་མི་རྣམས་ཡུལ་སྐོར་ལ་འགྲོ་བའི་སྤྲོ་སེམས་འཕེལ་བ་དང་བསྟུན་ནས་བོད་ཀྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་པོར་གྱུར་ཡོད། ལྷ་ས་གྲོང་ཁུལ་གྱི་མཛེས་ལྗོངས་ཁུལ་ཁག་གཙོ་བོར་ཡུལ་སྐོར་བ་མང་པོ་ཡོད་ཅིང་། ཕྱི་རྒྱལ་གྱི་ཡུལ་སྐོར་བའི་གཟུགས་བརྙན་ཡང་མཐོང་རྒྱུ་ཡོད་པ་རེད། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། རྒྱལ་ཁབ་དང་བོད་ཀྱི་སྒོ་དབྱེའི་སྲིད་ཇུས་ཀྱི་ཕན་པར་བརྟེན་ནས་མིག་སྔའི་བར། རྒྱལ་མཚམས་འཛུལ་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་8000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་ལྡབ་གཉིས་ཙམ་འཕར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁོངས་ཀྱི་ཚོད་འཛིན་ཕོག་པའི་དབང་གིས་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཁག་གཉིས་སུ་གྱེས་ཡོད་དེ།“90ནང་སྐྱེས”དང“00ནང་སྐྱེས”སོགས་ན་གཞོན་ཚོས་ཇོ་མོ་གླང་མ་དང་མངའ་རིས་སུ་ཡུལ་སྐོར་བྱེད་པར་གདམ་ག་བྱེད་པ་དང་། ལོ་ཅུང་ཆེ་བ་དག་གིས་ཉིང་ཁྲི་དང་ལྷ་ས་སོགས་སུ་ཡུལ་སྐོར་བྱེད་པར་གདམ་ག་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་འདི་ལོའི“ལྔ་གཅིག”ཡུལ་སྐོར་ཁྲོམ་རར་དེ་སྔའི་མི་ཉི་ཤུ་སུམ་ཅུའི་ཡུལ་སྐོར་ཚོགས་པ་ཆེ་གྲས་དང་བསྡུར་ན་མི་གཉིས་ནས་བརྒྱད་བར་གྱི་སྒེར་འདོད་མངགས་ཐོའི་ཡུལ་སྐོར་ཚོགས་པ་ཆུང་གྲས་ལ་ཡུལ་སྐོར་བའི་དགའ་བསུ་ཐོབ་ཀྱི་ཡོད།

    ཡུལ་སྐོར་ཁྲོམ་ར་དར་རྒྱས་སོང་བ་དེ་ཁྲོམ་རའི་བྱེད་པོ་འཁྲུག་ཆ་དོད་པ་དང་ཁ་འབྲལ་ཐབས་མེད། ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན། ན་ནིང་ཞིབ་མཆན་འགོད་པའི་དབང་ཆ་གྲོང་ཁྱེར་དང་ས་ཁུལ་ལ་གཤམ་སྤྲོད་བྱས་ཚུན་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ཡུལ་སྐོར་ལས་དོན་ཁང་70ལྷག་ཙམ་མང་དུ་ཕྱིན་ཡོད། ཞིབ་མཆན་འགོད་པའི་དབང་ཚད་གཤམ་སྤྲོད་བྱས་པ་དང་། དུས་བབ་དང་བསྟུན་ཏེ་སྲིད་ཇུས་བཟོས་ནས་སྣ་མང་ཅན་གྱི་ཡུལ་སྐོར་ལམ་ཐིག་དང་ཐོན་རྫས་བཏོན་ཏེ་རང་ལྗོངས་ཀྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།

    “ལྔ་གཅིག”གུང་གསེང་གི་ཡུལ་སྐོར་ཁྲོམ་ར་ཚད་ལྡན་དུ་གཏོང་ཆེད། བོད་ཀྱི་རིམ་ཁག་རིག་གནས་ཡུལ་སྐོར་དང་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁེ་ལས་ཀྱི་བྱ་སྤྱོད་ཚད་ལྡན་དུ་ཧུར་ཐག་བཏང་ནས་ཟླ་5ཚེས་1ཉིན་རང་སྐྱོང་ལྗོངས་ཡུལ་སྐོར་ལས་དོན་ཁང་གི་ཁ་དན་ཚིག་གནས་ཀྱིས་གཉེར་སྐྱོང་དང་རང་གཅུན་སྤྱི་ཆིངས་བཏོན་ཏེ། རྒྱ་ཆེའི་ཡུལ་སྐོར་ལས་དོན་ཁང་གི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས་ལུགས་དར་སྤེལ་བཏང་ཡོད།

    གཞན་ཡང་གུང་གསེང་ནི་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བའི་གོ་སྐབས་གལ་ཆེན་ཞིག་རེད། “འཛད་སྤྱོད་ཀྱི་ཚ་རླབས”ཤིག་འཕྱུར་ཆེད། རང་ལྗོངས་ཀྱིས་བྱེད་ཐབས་ཆེན་པོ་བརྒྱད་བཏོན་ནས་འཛད་སྤྱོད་ཀྱི་གདེང་ཚོད་སྔར་བས་ཆེ་རུ་བཏང་ཡོད། རླངས་འཁོར་འཇོག་གླ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། སྒོ་འཛིན་མི་དགོས་པའི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་100ཡན་སྒོ་ཕྱེ་བ། དམངས་ཕན་འཛད་སྤྱོད་འཛིན་ཤོག་སྤྲོད་པ། “ཀྲུང་ཧྭའི་ཞིམ་ཟས། བོད་ཀྱི་བྲོ་བའི”ཁྱད་ལྡན་ཁྲོམ་གཞུང་ཁག་གཅིག་བཏོད་པ། ཡུལ་སྐོར་བས་དགའ་པོ་བྱེད་པའི་ཐོན་རྫས་གསར་པ་དེ་བས་མང་བ་བཏོན་པ། “ཞིམ་ཟས་+ཡུལ་སྐོར”སོགས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་སྣ་ཚོགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཡུལ་སྐོར་བ་བློ་ཡིད་ཚིམ་པའི་ངང་ཡུལ་སྐོར་བྱེད་ཐུབ་པ་དང་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་དེ་བས་འཕེལ་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།