འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་6ཉིན།

༄༅།།མ་འོངས་པའི་ཉིན་གསུམ་རིང་ཉི་འོད་འཚེར་བཀྲ་ཆེས་ཆེར་འབྱུང་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་06ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   རྒྱལ་ཁབ་བར་སྣང་གནམ་གཤིས་ལྟ་ཞིབ་ཚད་ལེན་སྔོན་ཚུད་ཉེན་བརྡ་ལྟེ་གནས་ཀྱིས་སྔོན་བརྡ་བཏང་དོན་དུ། ཉི་འོད་འཚེར་བཀྲའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། པེ་ཅིང་གི་དུས་ཚོད་2024ལོའི་ཟླ་5ཚེས་5ཉིན་གྱི་ཆུ་ཚོད་14དང་སྐར་མ་01ཡི་ཐོག ཉི་འོད་འཚེར་བཀྲ་ཆེན་པོ་(X1.3རིམ་པ་)འབྱུང་རྒྱུ་རེད། དོན་རྐྱེན་འདི་བྱུང་དུས་རང་རྒྱལ་དུ་ཉིན་མོ་ཡིན་པས། ཉི་འོད་འཚེར་བཀྲས་རང་རྒྱལ་མཁའ་དབྱིངས་ཀྱི་གློག་གྱེས་བང་རིམ་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། སྔོན་དཔག་བྱས་ན། འབྱུང་འགྱུར་ཉིན་གསུམ་ནང་Mརིམ་པ་དང་ཐ་ན་Xརིམ་པ་ཡན་གྱི་ཉི་འོད་འཚེར་བཀྲ་སྔར་བཞིན་འབྱུང་སྲིད།