དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལ་མུ་མཐུད་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-05-06

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ད་ལོ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་2.75སྒྱུར་བཀོད་བྱས་ནས་ཁུལ་ཆུང་གི་ཆུ་གཏོང་དང་། སོལ་རླངས་མཁོ་འདོན། གློག་འདོན། འཕྲིན་གཏོང་། མེ་ཟོན་སོགས་ཀྱི་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་རྩིས་ཡོད་པ་རེད།

    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོ་མཚོ་སྔོན་ཞིང་ཆེན་གྱིས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་དང་། སྡོད་ཁང་ལ་གློག་སྐས་བསྒར་བ། ཞིང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་ཀྱི་ལས་གྲྭ་མུ་མཐུད་ལག་བསྟར་བྱས་ཤིང་། གྲོང་ཁྱེར་གྱི་ཉེན་ཡོད་སྡོད་ཁང་རྙིང་པར་གནད་སྨིན་མཐིལ་བཤེར་བྱས་པའི་རྨང་གཞིའི་ཐོག་Cདང་Dརིམ་པའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་སྤྱི་པའི་བོགས་གཏོང་ཁང་པ་གླ་བའི་ཁ་གསབ་མུ་མཐུད་སྤྲད་ནས་མང་ཚོགས་ཀྱི་གཞི་རྩའི་སྡོད་ཁང་གི་དགོས་མཁོ་སྐོང་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ད་ལོ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་2.75སྒྱུར་བཀོད་བྱས་ནས་ཁུལ་ཆུང་གི་ཆུ་གཏོང་དང་། སོལ་རླངས་མཁོ་འདོན། གློག་འདོན། འཕྲིན་གཏོང་། མེ་ཟོན་སོགས་ཀྱི་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་རྩིས་ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་རྙིང་པའི་སྡོད་ཁང་ལ་གློག་སྐས་100བསྒར་ནས་མང་ཚོགས་ཐོག་ཁར་འཛེག་པ་དང་འབབ་དཀའ་བའི་གནད་དོན་ཐག་གཅོད་དང་། ཞིང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ལེགས་གཏོང་གི་ལས་གྲྭའི་དུད་ཚང་ཁྲི་4ལག་བསྟར་བྱས་ནས་ཞིང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་བ་རེད། གྲོང་ཁྱེར་གྱི་ཉེན་ཡོད་ཁང་པ་རྙིང་པ་མཐིལ་བཤེར་བརྟག་དཔྱད་མ་ལག་ལ་བརྟེན་ནས་གྲོང་ཁྱེར་གྱི་ཉེན་ཡོད་ཁང་པ་རྙིང་པའི་མཐིལ་རྟོགས་ཟིན་པའི་གྲངས་འབོར་དང་བསྡུར་ནས་གྲོང་ཁྱེར་(རྫོང་གྲོང་ཚུད་པ)འཛུགས་སྐྲུན་ཁུལ་ཁོངས་ཀྱི་རྒྱལ་ཁབ་ལ་དབང་བའི་ས་ཆའི་ཐོག་Cདང་Dརིམ་པའི་ཉེན་ཡོད་ཁང་པ་248སྒྱུར་བཀོད་གནད་སྨིན་བྱས་པ་རེད།

    དེ་དང་ཆབས་ཅིག་སྤྱི་པའི་བོགས་གཏོང་སྡོད་ཁང་རེ་ཞུ་བྱེད་པའི“དོན་རེ་སྒྲུབ་ཐེངས་གཅིག་ལ་སྒྲུབ་པའི”དོན་ཚན་ཁྱབ་གདལ་བཏང་ནས་སྡོད་ཁང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལས་སྒྲུབ་སྟབས་བདེ་ཚད་དང་བློ་ཡིད་ཚིམ་ཚད་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། སྤྱི་པའི་བོགས་གཏོང་ཁང་པའི་ཁུལ་ཆུང་ཚད་ལྡན་ཅན་གྱི་དོ་དམ་མུ་མཐུད་ཡག་པོ་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་སྤོ་ཐུབ་པ་དང་ཡག་པོ་སྡོད་ཐུབ་པར་བྱ་རྒྱུ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་4579ལ་སྤྱི་པའི་བོགས་གཏོང་ཁང་པའི་བོགས་གཏོང་ཁ་གསབ་སྤྲད་དེ་གཙོ་གནད་ཚོགས་སྤྱིའི་སྡོད་ཁང་གི་དཀའ་ངལ་ཐག་གཅོད་ཧུར་ཐག་བྱེད་ཀྱི་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།