འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་6ཉིན།

༄༅།།ཟླ་བའི་ལྷ་མོ་ཨང་དྲུག་པ་འཕེན་གཏོང་ལས་འགན་ ཐུགས་གྲ་ལེགས་འགྲིག་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་06ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་བའི་གོ་ལའི་རྒྱབ་ཕྱོགས་ནས་དཔེ་ལེན་ཚུར་ལོག་བྱེད་འགོ་ཚུགས་པ།
   འདི་ག་ཚགས་པར་ཁང་དུ་ཧའེ་ནན་ཝུན་ཁྲང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱུང་བར། ཚེས་3ཉིན་གྱི་ཆུ་ཚོད་17དང་སྐར་མ་27ལ། ཟླ་བའི་ལྷ་མོ་ཨང་དྲུག་པའི་འཚོལ་ཞིབ་ཡོ་བྱད་བླུགས་པའི་རྒྱང་སྐྱོད་ཨང་ལྔ་པའི་རྒྱང་ཚོར་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀྲུང་གོའི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བ་ནས་བདེ་བླག་ངང་འཕེན་གཏོང་བྱས་ཤིང་། དེ་རྗེས་སའི་གོ་ལ་དང་ཟླ་བའི་གོ་ལའི་སྤོ་སྒྱུར་འཁོར་ལམ་གྱི་གནད་སར་འབྱོར་ནས་འཕེན་གཏོང་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད། ཟླ་བའི་ལྷ་མོ་ཨང་དྲུག་པའི་འཚོལ་ཞིབ་ཡོ་བྱད་ཀྱིས་འཛམ་གླིང་ཐོག་ཟླ་བའི་གོ་ལའི་རྒྱབ་ཕྱོགས་ནས་དཔེ་ལེན་ཚུར་ལོག་ལས་འགོ་ཚུགས་ཤིང་། སྔོན་གཏན་འཁེལ་བའི་འབབ་ས་དང་མ་དཔེ་ལེན་ས་ནི་ཟླ་བའི་གོ་ལའི་རྒྱབ་ཕྱོགས་ཀྱི་ལྷོ་སྣེའི་ཨའེ་ཐེ་ཁེན་གཤོངས་ས་ཡིན་པ་རེད།