ཀྲུང་གོ་བོད་ཀྱི་དྲ་བ།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་སློབ་མར་རོགས་དངུལ་སྒོར་ཁྲི522རྩིས་སྤྲོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ལྷན་ནས་རྒྱུས་ལོན་པ་ལྟར་ན། 2024ལོ་ནས་ད་ལྟའི་བར་དུ། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ལྷན་དང་མཚོ་སྔོན་ཞིང་ཆེན་ལོ་ཆུང་གཞོན་ནུའི་འཕེལ་རྒྱས་ཐེབས་རྩ་ཚོགས་པས་སྤྱི་ཕན་མ་དངུལ་སྒོར་ཁྲི522བསྡུ་རུབ་བྱས་ཏེ་མཚོ་སྔོན་རེ་བའི་བཟོ་སྐྲུན་སློབ་གསོའི་རོགས་སྒྲུབ་མི་སྐྱོང་འཆར་གཞི་སྤེལ་བ་དང་། གུང་གཞོན་ཚོགས་པའི་ཏང་གི་ཆེད་དུ་མི་སྐྱོང་གི་བྱེད་ནུས་གལ་ཆེན་འདོན་སྤེལ་དང་། མཚོ་སྔོན་ཞིང་ཆེན་ལོ་ཆུང་གཞོན་ནུའི་འཕེལ་རྒྱས་ཐེབས་རྩའི་ཚོགས་པའི་སྤྱི་ཕན་རྩ་འཛུགས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་མ5199ལ་རོགས་དངུལ་རྩིས་སྤྲོད་བྱས།

མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་ལོ་ཆུང་གཞོན་ནུས་འཚར་ལོངས་འཕེལ་རྒྱས་དགོས་མཁོར་ཟུང་འབྲེལ་སྒོས། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ལྷན་གྱིས་མཚོ་སྔོན་རེ་བའི་བཟོ་སྐྲུན་སློབ་གསོའི་རོགས་སྒྲུབ་མི་སྐྱོང་འཆར་གཞི་ལག་བསྟར་དང་། ལོ་ཚོད་རེ་རེའི་སྐབས་ཀྱི་སློབ་མའི་རོགས་དངུལ་ཞབས་ཞུའི་མ་ལག་སྒྲིག་འཛུགས། “རེ་བའི་བཟོ་སྐྲུན1+1སློབ་གསོའི་རོགས་སྒྲུབ་འཆར་གཞི”ས་འགུལ་གནོད་ཁུལ་ཆེད་སྤྱོད་སློབ་གསོའི་རོགས་སྒྲུབ་བྱ་འགུལ། རེ་བའི་བཟོ་སྐྲུན1+1སློབ་གསོའི་རོགས་དངུལ་ལས་གཞི། ཏུང་རུན་སློབ་གསོའི་རོགས་དངུལ་ལས་གཞི་སོགས་སློབ་གསོའི་རོགས་དངུལ་མི་སྐྱོང་ལས་གཞི་ལག་བསྟར་བྱས། རང་ཞིང་གི་ཞིང་སྡེའི་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་གནས་སྟངས་གསར་བར་འཚམས་པ་དང་། རེ་བའི་སློབ་ཆུང་རོགས་སྐྲུན་ལས་གཞི་སྐུལ་འདེད་བཏང་བ། ད་ལྟ་ལས་གཞི་བཙུགས་པའི་རེ་བའི་སློབ་ཆུང་རོགས་སྐྲུན་ལས་གཞི2ཡོད་པ་དང་། རེ་བའི་སློབ་ཆུང་གི་ཕྱི་ནང་གི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་། 

དུས་མཚུངས་སུ། གུང་གཞོན་ཚོགས་པས་མ་ལག་དགེ་མཚན་ལ་བརྟེན་ནས། མ་དངུལ་བསྡུ་སྒྲིག་གི་སྟེགས་བུ་དང་རྣམ་པ་གསར་སྐྲུན་བྱས་ཏེ། མཐུན་འགྲིག་སྒྲིག་སྲོལ་ཇེ་ལེགས་སུ་བཏང་། གནོད་སེལ་རྒུབ་སྐྱོབ་སྐབས་སུ། ཞིང་ཆེན་ལོ་ཆུང་གཞོན་ནུའི་འཕེལ་རྒྱས་ཐེབས་རྩ་ཚོགས་པས་སྒོར་མོ་ཞལ་འདེབས་ཀྱི་གྲོས་འདོན་ཡི་གེ་སྤེལ་བ་དང་། “སྒོར་གཅིག་ཞལ་འདེབས་སུ་ཕུལ་བའི”དྲ་རྒྱའི་བསྡུ་རུབ་བྱ་འགུལ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་གུང་གཞོན་ཚོགས་པ། སྤྱི་ཚོགས་བརྩེ་སེམས་རྩ་འཛུགས་དང་། མི་སྣའི་ཧུར་ཐག་གིས་གནོད་ཁུལ་གྱི་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་སློབ་མ་བདེ་བླག་ངང་བསླབ་གནས་ལེགས་འགྲུབ་ཡོང་བར་རོགས་འདེགས་བྱས་ཤིང་། དྲ་རྒྱའི་རོགས་སྒྲུབ་སྤྱི་ཕན་མ་དངུལ་སྒོར་ཁྲི200ལྷག་བསྡུ་རུབ་བྱས། ཁྱོན་ཡོངས་ནས་རོགས་སྐྱོང་སློབ་མའི་དགོས་མཁོའི་རྟོག་ཞིབ་བྱ་བ་སྤེལ་བ་དང་། ཚན་རིག་སྒོས་རོགས་སྐྱོར་བྱེད་ཐབས་གཏན་ཁེལ་བྱས་ཏེ། རོགས་སྐྱོང་བྱ་བ་སྤེལ། འཕྲལ་བསྟུན་མྱུར་སྐྱོབ་བྱ་བ་སྤེལ་བ་དང་། མཚོ་སྔོན་ས་འགུལ་གནོད་ཁུལ་གྱི་ལོ་ཆུང་ལ་སློབ་གསོའི་རོགས་སྐྱོར་མ་དངུལ་ཁྱོན་སྒོར་ཁྲི61.5རྩིས་སྤྲོད་བྱས། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།