ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ། “ལྔ་གཅིག”གུང་གསེང་འཁྲུག་ཆ་དོད།
འདི་ནི་གྲོང་མིས་ནོར་བུ་གླིང་ཁར་ལྷ་མོའི་འཁྲབ་སྟོན་ལ་ལྟ་བཞིན་པ།
འདི་ནི་གྲོང་མིས་ནོར་བུ་གླིང་ཁར་གླིང་ཁ་གཏོང་བཞིན་པ།
འདི་ནི་གྲོང་མིས་ནོར་བུ་གླིང་ཁར་རིག་གནས་ཀྱི་དཔེ་གསར་ཐོན་རྫས་ཉོ་བཞིན་པ།
ལྷ་མོའི་འཁྲབ་སྟོན་ལ་ལྟ་བ་དང་། ཁྱད་ལྡན་ཚོང་འདུས་སྐོར་བ། ཕྱི་ལ་སྤྲོ་འཆམ་དུ་སྐྱོད་པ་སོགས། “ལྔ་གཅིག”གུང་གསེང་རིང་། གནའ་གྲོང་ལྷ་སར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་ཁྲོམ་ལམ་ཆེ་ཆུང་གང་སར་སྤྲོ་གསེང་གཏོང་མཁན་གྱི་མི་ཚོགས་ཀྱིས་ཁེངས་ཡོད། གྲོང་མི་རྣམས་ཁྱིམ་ནས་ཕྱིར་དོན་ཏེ་གུང་གསེང་གི་དུས་ཚོད་ལོངས་སུ་སྤྱོད་བཞིན་ཡོད་པས་ལྷ་ས་གྲོང་ཁྱེར་གྱི་ས་ཕྱོགས་གང་སར་འཁྲུག་ཆ་དོད་པོའི་རྣམ་པས་ཁེངས་ཡོད།