དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟླ་5ཚེས་1ཉིན་ནས་བཟུང་རང་ལྗོངས་ཀྱིས་ཨར་ལས་རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-04

    མིག་སྔར། གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་འཚོགས་པའི་རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་བྱེད་སྟངས་དང་ཨར་ལས་ཀྱི་ཆོག་འཐུས་སྲིད་ཇུས་གསལ་འགྲེལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་1ཉིན་ནས་བཟུང་། རང་ལྗོངས་ཀྱིས་ཨར་ལས་རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འོས་སྐུལ་འོས་དཔོད་ལམ་ལུགས་སྒྱུར་བཅོས་གལ་ཆེན་བྱས་པ་ནི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པས་འོས་སྐུལ་འོས་དཔོད་ཀྱི་ཟང་ཟིང་གི་རྣམ་པ་བཅོས་སྒྲིག་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཅིག་ཆགས་པ་དང་།《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭའི་ཨར་ལས་ཀྱི་འོས་སྐུལ་འོས་དཔོད་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་པ། “1+4”འོས་སྐུལ་འོས་དཔོད་ལམ་ལུགས་ཀྱི་མ་ལག་བརྒྱུད་རིམ་ལྡན་པའི་སྒོ་ནས་བཙུགས་པ་སྟེ། དོ་དམ་བྱ་ཐབས་1དང་ལེ་ལག་ཚང་སྒྲིག་གི་བྱེད་ཐབས་ཁག་4(འོས་དཔྱད་བྱེད་ཐབས་དང་། ཚད་གཞི་གསལ་བཟོའི་སྒྲིག་སྲོལ། འོས་སྐུལ་ཡིག་ཆའི་ཚད་ལྡན་དེབ། འགག་རྩའི་ལས་གནས་ཀྱི་མི་སྣ་བཀོད་སྒྲིག་བྱེད་སྟངས་བཅས)“རང་འགུལ་ལྔའི”རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་བྱེད་སྟངས་གསར་པ་བཏོན་ནས། རང་འགུལ་གྱི་འོས་སྐུལ་འོས་དཔོད་ཀྱི་ཆ་རྐྱེན་དང་འཚམ་པའི་ཁ་ཕྱོགས་གཏན་འཁེལ་གྱི་འོས་སྐུལ་གནད་དོན་ཐག་གཅོད་དང་། རང་འགུལ་གྱི་གློག་རྡུལ་གྱི་འོས་དཔྱད་ཚད་གཞི་གསལ་བཟོའི་བརྒྱུད་རིམ་ཁྲོད་ཀྱི་ཁྲིམས་འགལ་བྱེད་སྤྱོད་སོགས་ཀྱི་གནད་དོན་ཐག་གཅོད། རང་འགུལ་གྱི་ལས་གྲྭའི་གྲུབ་འབྲས་དང་ཡིད་རྟོན་དམ་འཛིན་བྱས་ཏེ་མིས་ཚོད་འཛིན་བཟོ་བའི་གནད་དོན་ཐག་གཅོད། རང་འགུལ་གྱི་རིག་ནུས་ཅན་གྱི་འོས་དཔྱད་ལ་བརྟེན་ནས་འོས་དཔྱད་ཀྱི་དྲང་གཞག་མིན་པའི་གནད་དོན་ཐག་གཅོད། རང་འགུལ་གྱི་འཁོར་སྦྲེལ་ཧྲིལ་པོའི་ལྟ་འདོམས་ལ་བརྟེན་ནས་སྲིད་འཛིན་ལྟ་འདོམས་ཐག་གཅོད་བྱེད་པའི་སྟོབས་ཤུགས་ཀྱི་ཉམས་ཞན་གནད་དོན་ཐག་གཅོད་བཅས་བྱས་ནས། བརྒྱུད་རིམ་ཧྲིལ་པོའི་གློག་རྡུལ་ཅན་གྱི་ཉོ་ཚོང་མངོན་འགྱུར་བྱུང་སྟེ་འོས་སྐུལ་འོས་དཔོད་ཀྱི་ཁྲོམ་རའི་དཀའ་གནད་ནུས་ལྡན་ངང་སེལ་ཐུབ་པ་དང་། འོས་སྐུལ་འོས་དཔོད་ཀྱི་ལས་ཆོད་ཆེ་རུ་ཕྱིན་པ། བརྒྱུད་རིམ་ཧྲིལ་པོ་གསལ་པོ་ཆགས་པར་བྱས་པ། འགན་འཁྲི་ཁུངས་འདེད་བྱེད་ཤུགས་ཆེ་རུ་འགྲོ་བ། སྲིད་དོན་གཙང་སྐྱོང་གི་ཉེན་ཁ་ཆུང་དུ་འགྲོ་བ། སྔར་བས་དྲང་བདེན་དྲང་གཞག་གི་འོས་སྐུལ་འོས་དཔོད་ཀྱི་ཁྲོམ་རའི་ཁོར་ཡུག་མཁོ་འདོན་བཅས་བྱས་ཏེ་འོས་སྐུལ་འོས་དཔོད་ཀྱི་ཟང་ཟིང་གི་རྣམ་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་རྩ་བཅོས་ཐུབ་པ་དང་དབང་བའི་ལམ་ལུགས་ཀྱི་ཁེ་ལས་མི་འདྲ་བ་འདྲ་མཉམ་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་ཐུབ་པར་སྲིད་ཇུས་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།