མདོ་ལ་རྫོང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་གི་སྒོ་དངོས་སུ་ཕྱེས།
2024.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་གིས་ཉེ་སྔོན་སྒོ་འབྱེད་མཛད་སྒོ་བསྡུས།

ཉམས་ལེན་ཁང་དེའི་རྒྱ་ཁྱོན་ལ་རྨིད་ངོས་སྙོམས་གྲུ་བཞི་མ་ལྔ་བརྒྱ་དང་བཅུ་ལྷག་ཡོད་པ་དང་། གླེང་གཞིའི་ཚོམས་ཆེན་དང་མཉམ་ཤུགས་གཅིག་སྒྲིལ་གྱིས་བདེ་སྐྱིད་ལ་བརྩོན་པ། སྣ་མང་གཅིག་སྒྲིལ་གྱིས་མཉམ་འདྲེས་ལ་སྐུལ་བ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་པ། འབད་འབུངས་ཧུར་བརྩོན་ལ་གྲུབ་འབྲས་སྨིན་པ་བཅས་ཕྱོགས་ལྔའི་ཐད་ནས་མི་རིགས་མཐུན་སྒྲིལ་གྱི་འབུར་བརྐོས་གྱང་དངLEDབརྙན་ཤེལ། ལྗོངས་རྣམ་ཆུང་གྲས། གློག་རྡུལ་ཁྱམས་རིང་། གྱང་ངོས3Dཀེར་གཟུགས་གློག་སྒམ། དངོས་རྫས་འགྲེམ་སྟོན། སེ་འབྲུ་སྡོང་བོའི་གཙོ་དོན་ལྗོངས་རྣམ་སོགས་སྨྱན་མང་གཟུགས་དང་དངོས་རྫས་ཟུང་དུ་འབྲེལ་བ། བཅིངས་འགྲོལ་སྔ་རྗེས་ཕན་ཚུན་བསྡུར་བ། མི་རིགས་སོ་སོས་མཐུན་སྒྲིལ་ཧུར་བརྩོན་ངང་མཉམ་འདྲེས་བྱས་ཏེ། མདོ་ལ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པ་སོགས་ཀྱི་ཐབས་ལ་བརྟེན་ནས། མདོ་ལ་རྫོང་གི་བཅིངས་འགྲོལ་བྱས་ཚུན་གྱི་མི་རིགས་སོ་སོས་དཀའ་སྡུག་མཉམ་མྱོང་དང་གཟི་ཁྲལ་མཉམ་མྱོང་། ཤི་གསོན་མཉམ་གནས། ལས་དབང་གཅིག་འབྲེལ་བཅས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་གསོན་ཉམས་ལྡན་པའི་ལག་ལེན། མི་སེམས་འགུལ་བའི་བྱས་རྗེས། དེ་མིན་ཉེ་བའི་ལོ་འགའི་རིང་ལ་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བྱ་བའི་ཁྲོད་བསགས་པའི་དཔེ་སྟོན་ཉམས་མྱོང་དང་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་སོགས་སྔོག་འདོན་འགྲེམ་སྟོན་བྱས་ཡོད།

ཉམས་ལེན་ཁང་སྒོ་ཕྱེས་པ་དེ་ནི་མདོ་ལ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་སྲ་བརྟན་དུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། མདོ་ལའི་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་གྲུབ་འབྲས་འགྲེམ་སྟོན་ཞིག་ཀྱང་ཡིན་པས། མདོ་ལའི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གཏིང་ཟབ་ལྡན།


བསོད་ནམས་ཚེ་རིང་གིས་བསྒྱུར།