ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

​​▶“ལྔ་གཅིག” ངལ་རྩོལ་པར་གུས་འདུད་ཞུ།

2024-05-02 11:43:00     责编:娜科

 

ང་ཚོ་ཚང་མ་རང་རང་སོ་སོའི་ལས་གནས་ཐོག་གི་ཆེས་སྤྱིར་བཏང་གི་ངལ་རྩོལ་པ་ཞིག་རེད། ངལ་རྩོལ་ལ་བརྟེན་ནས་ང་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་དང་། ངལ་རྩོལ་ལ་བརྟེན་ནས་ང་ཚོའི་ཁྱིམ་གཞིས་མཛེས་སྡུག་ལྡན་པར་གྱུར་ཡོད། 

རྩམ་པ་བཅུད་ཆེ་བ་ཨ་ཁུ་ཞིང་པའི་ངལ་རྩོལ་ལས་བྱུང་བ་དང་། ལུག་ཤ་བྲོ་བ་ཞིམ་པ་ཨ་ཁུ་འབྲོག་པའི་ངལ་རྩོལ་ལས་བྱུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་མ་ཁོར་ཡུག་སྲུང་སྐྱོང་མི་སྣའི་ངལ་རྩོལ་ལས་བྱུང་བ་དང་། ལམ་ལ་བདེ་འཇགས་ངང་ཤར་སྐྱོད་ཐུབ་པ་འགྲིམ་འགྲུལ་ཉེན་རྟོག་པའི་ངལ་རྩོལ་ལས་བྱུང་། ཉམས་ཐག་ནད་པའི་ཚེ་སྲོག་གི་བདེ་ཐང་སྨན་དོན་མི་སྣའི་ངལ་རྩོལ་ལས་བྱུང་བ་དང་། མ་འོངས་བདག་པོའི་ཤེས་རིག་གི་སྦྱངས་འབྲས་དགེ་བའི་བཤེས་གཉེན་གྱི་ངལ་རྩོལ་ལས་བྱུང་། ཨ་ཅང་ཅང་། ང་ཚོས་སྒྲོག་བཞིན་པའི་གནམ་འོག་གི་ཆ་འཕྲིན་ཡང་གསར་འགྱུར་མི་སྣའི་ངལ་རྩོལ་གྱི་རྔུལ་ཁྲག་ལས་བྱུང་བ་ཞིག་རེད། 

 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ངལ་རྩོལ་པའི་གསར་གཏོད་ལ་བརྟེན་ནས་ང་ཚོར་འོད་སྟོང་འབར་བའི་ལོ་རྒྱུས་ལྡན་ལ་ངལ་རྩོལ་པའི་གསར་གཏོད་ལ་བརྟེན་ནས་ང་ཚོར་དེ་རིང་གི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་མྱོང་ཡོད།  

དེས་ན།  ངལ་རྩོལ་ནི་ཆེས་གཟི་བརྗིད་ལྡན་པ་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་ཆེས་རླབས་ཆེ་བ། ངལ་རྩོལ་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་རེད། ལྔ་གཅིག་དུས་བཟང་འདིར།  ངལ་རྩོལ་པར་གུས་བཏུད་ཞུའོ། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐྱིད་པོ། ལྷག་པ། 

རྩོམ་འབྲི། གངས་ཕྲུག་བློ་རྒྱ། 

སྙན་སྒྲོན་པ། མིག་དམར་རྒྱ་མཚོ།

པར་སྒྲིག་བཟོ། ཚེ་བརྟན་དབང་ཕྱུག

中央广播电视总台 央广网 版权所有

​​▶“ལྔ་གཅིག” ངལ་རྩོལ་པར་གུས་འདུད་ཞུ།

དེས་ན། ངལ་རྩོལ་ནི་ཆེས་གཟི་བརྗིད་ལྡན་པ་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་ཆེས་རླབས་ཆེ་བ། ངལ་རྩོལ་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་རེད། ལྔ་གཅིག་དུས་བཟང་འདིར། ངལ་རྩོལ་པར་གུས་བཏུད་ཞུའོ། །