དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འགན་འཁྲིར་དམིགས་ཏེ་ལས་ཀའི་འཇོན་ཐང་ཆེ་རུ་བཏང་བ།

    —— ལྷ་ས་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལས་སྒྲུབ་ལས་གནས་ཀྱི་དམག་སྦྱོང་ཆེན་པོའི་བྱེད་སྒོ་འཁྲུག་པོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-01

    རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཏང་ཨུད་ཀྱི་བཀོད་སྒྲིག་དང《2024ལོའི་ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་ལས་སྒྲུབ་ལས་གནས་ཀྱི་དམག་སྦྱོང་ཆེན་པོའི་ལས་དོན་གྱི་ལག་བསྟར་ཇུས་གཞིའི》བླང་བྱ་ལག་ལེན་ནན་ཏན་བྱ་ཆེད། ལྷ་ས་མེ་ཟོན་རོགས་སྐྱོབ་རུ་ཁག་གིས“རྩ་སྲ་རྨང་བརྟན་དང་གཞུང་འཁྱོངས་གསར་འབྱེད”བརྗོད་དོན་གཙོ་བོར་བྱས་ཤིང་། “གྲུབ་འབྲས་རྩེ་གྲ་གཏོད་པ་དང་ལྟེ་བའི་གྲོང་ཁྱེར་གྱི་འགན་འཁྲི་འཁུར་བ”དམིགས་ཡུལ་དུ་བཟུང་སྟེ་སྦྱོང་བརྡར་ཧུར་ཐག་དང་དམག་གྲབས་ལ་ཤུགས་སྣོན་བརྒྱབ་ནས་ལས་སྒྲུབ་ལས་གནས་ཀྱི་དམག་སྦྱོང་ཆེན་པོའི་བྱེད་སྒོའི་ཚ་རླབས་ཕྱོགས་ཡོངས་ནས་འཕྱུར་བ་རེད།

    ཏང་ཨུད་ཀྱིས་སྦྱོང་བརྡར་ལ་ལྟ་འདོམས་དང་། གཙོ་ཁྲིད་པས་སྦྱོང་བརྡར་ལ་དམ་འཛིན། སྡེ་ཚན་གྱིས་གཅིག་གྱུར་སྦྱོང་བརྡར། རྩ་འཛིན་བཞིན་སྦྱོང་བརྡར་བཅས་མཐའ་འཁྱོངས་བྱས་ཤིང་། ལྷ་སའི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏང་ཨུད་ཀྱིས་དམག་འཐབ་སྦྱོང་བརྡར་གྱི་ཆེད་དོན་ཏང་ཨུད་ཀྱི་ཚོགས་འདུ་འཚོགས་ནས《2024ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་ལས་སྒྲུབ་ལས་གནས་ཀྱི་དམག་སྦྱོང་ཆེན་པོའི་ལས་དོན་གྱི་ལག་བསྟར་ཇུས་གཞིར》གྲོས་ཞིབ་བྱས་པ་མ་ཟད། དམག་སྦྱོང་གི་ཕན་འབྲས་བརྟན་དུ་གཏོང་བ་དང་། དམག་སྦྱོང་བྱེད་ཐབས་ལེགས་སུ་གཏོང་བ། དངོས་འཐབ་ནང་སྦྱོང་ཟབ་ཏུ་གཏོང་བ། དངོས་འཐབ་ཆུ་ཚད་མཐོ་རུ་གཏོང་བ་སོགས་དམག་སྦྱོང་བྱ་ཐབས་ལ་ཞིབ་འཇུག་བྱས་པ་རེད། ལྷ་ས་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་2024ལོ་འཁོར་གྱི་ལས་སྒྲུབ་ལས་གནས་ཀྱི་དམག་སྦྱོང་ཆེན་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་2023ལོའི་ཉིང་ལག་རུ་ཁག་གི་དམག་སྦྱོང་གི་ཕན་འབྲས་ཕྱོགས་སྡོམ་དང་མི་འདང་ས་ལེགས་པར་བཙལ་ཞིང་། 2024ལོ་ཧྲིལ་པོའི་དམག་སྦྱོང་ལས་དོན་ལ་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། ཆབ་སྲིད་ལྟ་སྐུལ་ལམ་ལུགས་ཁ་གསལ་བཟོས་ནས“གནད་དོན་ལ་དམིགས་པ་དང་། རྗེས་སྙེག་འདྲི་རྩད། སྒྲུབ་སྐུལ་དག་ཐེར། བརྡ་ཁྱབ་བཏང་ནས་ཐག་གཅོད། དུས་བཀག་འཚམས་ལན”བཅས་ཀྱི་དམག་སྦྱོང་ཆེན་པོའི་ལྟ་ཞིབ་ལམ་ལུགས་བཟོས་ཏེ་བཀོད་འཐབ་པ་དམག་སྦྱོང་ལ་ཞུགས་པའི་རང་རྟོགས་རང་བཞིན་དང་ཧུར་བརྩོན་རང་བཞིན་འཕེལ་བར་བྱས་པ་རེད།

    ལྷ་ས་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕོད་པ་དང་རྒྱལ་ཁ་ལེན་པ་རྩ་བར་བྱས་ནས་དམག་སྦྱོང་འགན་ལེན་ལམ་ལུགས་ཁ་གསལ་བཟོས་ཡོད། བྱ་དགའ་ཆད་གཅོད་བྱ་ཐབས་ཕུན་སུམ་ཚོགས་སུ་བཏང་ནས《ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ལས་སྒྲུབ་ལས་གནས་སྦྱོང་བརྡར་གྱི་བྱ་དགའ་ཆད་གཅོད་ལག་བསྟར་བྱ་ཐབས》བཟོས་ཏེ། བདེ་འཇགས་མི་སྣ་དང་འཚོལ་སྐྱོབ་ཁྱི་བྱ་དགའ་ཆད་གཅོད་ཁྱབ་ཁོངས་ནང་ཐོག་མར་བཅུག་ཅིང་། གཟུགས་གཞི་རྩེ་གྲའི་དམག་མི་དང་རྩལ་ནུས་རྩེ་གྲའི་དམག་མི་སོགས་བྱ་དགའི་རྣམ་གྲངས་8མང་དུ་བཏང་ཡོད། དམག་སྦྱོང་བྱ་ཐབས་ཕུན་སུམ་ཚོགས་སུ་བཏང་བ་དང་། ལྷ་ས་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལས་གནས་ཀྱི་དམག་སྦྱོང་ལས་དོན་གྱི་བྱ་ཐབས་བཅུ་བཟོས་ཏེ་ལས་གནས་དམག་སྦྱོང་བྱ་ཐབས་ཕྱོགས་ཡོངས་ནས་ཞིབ་ཚགས་དང་གསལ་དུ་བཏང་ཡོད། གསར་གཏོད་བྱེད་ཐབས་ཕུན་སུམ་ཚོགས་སུ་བཏང་ཞིང་། ཁྲུའུ་དང་ཁང་ཡན་གྱི་འགོ་ཁྲིད་ཀྱིས་སྲིད་འཛིན་གཞུང་ལས་ཚོགས་འདུ་འཚོགས་ནས་གཅིག་སྡུད་སློབ་སྦྱོང་སྒྲིག་འཛུགས་དང་། མི་སྣ་གཞན་དག་གིས“པུའུ་གཅིག་དང་ཚོགས་ཆུང་དྲུག”ལ་གཞིགས་ནས་གཅིག་སྡུད་སློབ་སྦྱོང་སྒྲིག་འཛུགས་དང་། དེ་བཞིན་གཟའ་མིག་དམར་དང་གཟའ་ཕུར་བུའི་ཕྱི་དྲོར་གཅིག་སྡུད་རྩལ་ནུས་སྦྱོང་བརྡར་སོགས་ཀྱི་ལམ་ལུགས་ཁ་གསལ་བཟོས་ཡོད།

    ཟླ་3ཚེས་15ནས་ཚེས་27ཉིན་བར། ལྷ་ས་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དགུན་དུས་ཀྱི་དངོས་འཐབ་ཅན་སྦྱོང་བརྡར་དཔྱད་ཞིབ་དང་2024ལོའི་དུས་ཚིགས་དང་པོའི་ལས་སྒྲུབ་ལས་གནས་ཀྱི་དམག་སྦྱོང་དཔྱད་ཞིབ་ལས་དོན་སྤེལ་བ་རེད། ལྷ་ས་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཆེད་དོན་དཔྱད་ཞིབ་ཚོགས་ཆུང་བཙུགས་ཤིང་། དཔྱད་ཞིབ་ཚོགས་ཆུང་3གྱིས་ཚན་པ་ཁག་ཏུ་བསྐྱོད་དེ་དཔྱད་ཞིབ་ལས་འགན་སྒྲུབ་པ་དང་དཔྱད་ཞིབ་གྲ་སྒྲིག་ཚོགས་འདུ་འཚོགས་ནས་ལག་བསྟར་ཇུས་གཞི་དང་། ཚན་པའི་ཞིབ་སྲོལ། དཔྱད་ཞིབ་ཚད་གཞི་སོགས་ཀྱི་ནང་དོན་ཚད་ལྡན་དུ་བཏང་ལ། དཔྱད་ཞིབ་ཀྱི་ནང་དོན་དང་བླང་བྱ་ཁ་གསལ་བཟོས་ནས་ལས་སྒོའི་རིགས་པའི་གཞུང་ལུགས་དང་། རྨང་གཞི། གཟུགས་གཞི། རྨང་གཞིའི་རྩལ་ནུས། སྒྲིག་ཆས་སྤྱོད་སྟངས། མེ་ཟོན་སྒྲིག་ཆས་བཀོལ་སྤྱོད་བཅས་ཁག་བཞི་ལ་དམིགས་ནས་མི་སྣར་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་པ་རེད། གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཤིང་། དཔྱད་ཞིབ་ཚོགས་ཆུང་ཁག་གིས་དཔྱད་ཞིབ་ཀྱི་ནང་དོན་དང་ཚན་པ་ཁག་གི་གྲུབ་འབྲས་ཚད་ལོན་ཚད་ལ་དབྱེ་ཞིབ་བྱས་ནས་དབྱེ་ཞིབ་སྙན་སེང་གྲུབ་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་དཔུང་ཁག་གིས་ལས་གནས་ཀྱི་དམག་སྦྱོང་བརྒྱུད་ནས་གཟུགས་ནུས་མཐོ་རུ་གཏོང་གང་ཐུབ་བྱེད་པར་ལྟ་སྐུལ་བྱས་པ་རེད།

    ལྷ་ས་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དམག་སྦྱོང་གི་ཁོར་ཡུག་ཧུར་ཐག་བཏོད་ནས་བཀོད་འཐབ་པ་དང་འཐབ་འཛིང་པའི་མེ་ཟོན་གྱི་འཐབ་རྩོད་སྙིང་སྟོབས་སྐྱེད་སྲིང་ཧུར་ཐག་བྱས་ཏེ། མཐུན་སྒྲིལ་མཉམ་ལས་དང་རྒྱལ་ཁ་ལེན་པའི་འཐབ་འཛིང་གི་སྤྱོད་ཚུལ་ཆགས་པར་བྱས་ཡོད། མཉམ་སྡེབ་ཀྱི་ལྕག་འདེབས་བྱེད་ཐབས་བཟོས་ནས“ལྗང་གུ་དང་། སེར་པོ། དམར་པོ”བཅས་ཚོན་མདོག་གསུམ་གྱི་མཚོན་རྟགས་བྱང་བུའི་ལམ་ལུགས་ལག་བསྟར་བྱས་ཏེ། དཔྱད་ཞིབ་གྲུབ་འབྲས་ལེགས་ཉེས་ལ་གཞིགས་ནས་བྱང་བུ་སྤྲོད་པ་དང་དུས་ཚིགས་རེར་བྱང་བུ་བརྗེས་ཏེ་མཉམ་སྡེབ་ཀྱི་གཟི་བརྗིད་བརྩོན་ལེན་བྱེད་པའི་སེམས་ཤུགས་འཕེལ་བར་བྱས་ཡོད། དམག་སྦྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་སྒྲུབ་ལས་གནས་ཀྱི་དམག་སྦྱོང་ཆེན་པོའི་ཆེད་དོན་སྒྲོམ་བཙུགས་པ་དང་འབྲེལ། སྨྱན་སྦྱོར་གསར་པའི་སྟེགས་བུ་བརྒྱུད་དམག་སྦྱོང་གི་གནས་ཚུལ་དང་ཕན་འབྲས་གཅིག་སྡུད་ཐོག་བརྒྱུད་སྤེལ་གྱིས་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་གཟུགས་བརྙན་བཟང་པོ་མངོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།