ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སྤྱི་ཟླ་5པ་ནས་བཟུང་གཏན་འབེབས་གསར་པ་འདི་དག་ལག་ལེན་བསྟར་རྒྱུ་རེད།

2024-04-30 14:59:00     责编:娜科

སྤྱི་ཟླ་ལྔ་པར།

གཏན་འབེབས་གསར་པ་ཁག་གཅིག་ལག་བསྟར་བྱ་རྒྱུ་རེད། 

དེ་དག་རྒྱལ་མཚམས་སྒྲོལ་ནས་འགྲོ་འོང་བྱེད་པ་དང་། དངུལ་ཁང་མིན་པའི་གཏོང་སྤྲོད། 

མཛེས་འཆོས་བྱུག་རྫས་སོགས་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་འདུག་པས།

རྒྱུས་ལོན་ཞིག་གནང་དང་།

 

བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་བས་ཡུལ་དངོས་ལ་ཐེངས་གཅིག་ཀྱང་འགྲོ་དགོས་མེད་སྟབས། རྒྱལ་མཚམས་སྒྲོལ་ནས་འགྲོ་འོང་བྱ་རྒྱུ་སྔར་བས་སྟབས་བདེ་རུ་སོང་བ།

ནང་སའི་མི་སྣ་རྒྱལ་མཚམས་སྒྲོལ་ནས་འགྲོ་འོང་བྱ་རྒྱུར་སྔར་བས་སྟབས་བདེ་སྐྲུན་ཆེད། སྤྱི་ཟླ་ལྔ་པའི་ཚེས་དྲུག་ཉིན་ནས་བཟུང་། རྒྱལ་ཁབ་གནས་སྤོས་ཡུལ་མི་ཅུད་ཀྱིས་དམངས་དང་ཁེ་ལས་ནས་རྒྱལ་མཚམས་སྒྲོལ་རྒྱུར་སྔར་བས་སྟབས་བདེ་དང་ཕན་པ་སྐྲུན་པའི་སྲིད་ཇུས་བྱ་ཐབས་དྲུག་ལག་ལེན་བསྟར་རྒྱུ་རེད།

 

 

གཏོང་སྤྲོད་འབོ་དང་སྐད་འཕྲིན་གཏོང་སྤྲོད་སོགས་དངུལ་ཁང་མིན་པའི་གཏོང་སྤྲོད་ཚན་པས་འཛད་སྤྱོད་པའི་གྲབས་འཇལ་མ་དངུལ་སྤོ་འགྱུར་དང་བཟུང་སྤྱོད་བྱས་མི་ཆོག

སྤྱི་ཟླ་5ཚེས་1ཉིན་ནས་བཟུང་།  ༼དངུལ་ཁང་མིན་པའི་གཏོང་སྤྲོད་ཚན་པའི་ལྟ་སྐུལ་དོ་དམ་སྲོལ་ཡིག༽ཅེས་པ་ལག་ལེན་བསྟར་རྒྱུ་དང་། དངུལ་ཁང་མིན་པའི་གཏོང་སྤྲོད་ཚན་པ་དང་དེའི་ལས་སྒོ་ཁྲིམས་སྐྱོང་ཅན་གྱི་ཁྱབ་ཁོངས་སུ་བཅུག་ནས་ལྟ་སྐུལ་དོ་དམ་བྱ་རྒྱུ་རེད་འདུག དེ་ནི་དངུལ་ཁང་མིན་པའི་གཏོང་སྤྲོད་ཚན་པར་ལྟ་སྐུལ་དོ་དམ་བྱེད་པའི་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་སྲོལ་ཐོག་མ་དེ་ཡིན་པ་རེད།

 

 

རང་རྒྱལ་གྱིས་ཨེ་ཀོ་ཏོར་ལ་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་སྒོ་ཁྲལ་ཉུང་གཏོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།

༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨེ་ཀོ་ཏོར་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་རང་མོས་ཉོ་ཚོང་གྲོས་ཆོད༽སྤྱི་ཟླ་5ཚེས་1ཉིན་ནས་བཟུང་ཕྱོགས་གཉིས་པོར་ནུས་པ་ཐོན་ནས་ལག་ལེན་བསྟར་རྒྱུ།

 

མཛེས་འཆོས་བྱུག་རྫས་ཀྱི་བདེ་འཇགས་དཔྱད་དཔོག་ལ་སྐུལ་འདེད་གཏོང་རྒྱུ།

༼མཛེས་འཆོས་བྱུག་རྫས་ཀྱི་བདེ་འཇགས་ལ་དཔྱད་དཔོག་བྱ་རྒྱུ་ལེགས་སུ་གཏོང་བའི་བྱ་ཐབས་འགའ་ཞིག༽ཅེས་པ་ སྤྱི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཏེ། མཛེས་འཆོས་བྱུག་རྫས་ཀྱི་བདེ་འཇགས་དཔྱད་དཔོག་ལམ་ལུགས་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་རྒྱུ།

 

 

སྤྱི་ཚོགས་རྩ་འཛུགས་ཀྱི་མིང་ལ་གཅིག་གྱུར་གཏན་འབེབས་ཐོག་མར་བྱས་པ།

༼སྤྱི་ཚོགས་རྩ་འཛུགས་ཀྱི་མིང་གི་དོ་དམ་བྱ་ཐབས༽ཞེས་པ་སྤྱི་ཟླ་5ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་དང་། ༼བྱ་ཐབས༽ནང་སྤྱི་ཚོགས་རྩ་འཛུགས་ཀྱི་མིང་གི་དོ་དམ་ཐད་གཅིག་གྱུར་གཏན་འབེབས་བྱས་ཡོད།

 

ཁྲོམ་ཞུགས་ཀུང་སིའི་རྒྱུན་མཐུད་གོང་འཕེལ་གྱི་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

སྤྱི་ཟླ་5ཚེས་1ཉིན་ནས་བཟུང་། ཧྲང་ཧའེ་དང་ཧྲེན་ཀྲེན། པེ་ཅིང་བཅས་གསུམ་གྱི་དངུལ་འཛིན་ཉོ་ཚོང་ཁང་གིས་ཁག་སོ་སོར༼ཁྲོམ་ཞུགས་ཀུང་སིའི་རྒྱུན་མཐུད་གོང་འཕེལ་སྙན་ཞུའི་མཛུབ་ཁྲིད༽ཅེས་པ་ལག་ལེན་བསྟར་རྒྱུ་དང་། བཙན་ཐབས་ཡོངས་བསྒྲགས་དང་རང་མོས་ཡོངས་བསྒྲགས་ཟུང་འབྲེལ་གྱི་ཐོག་ནས་ཁྲོམ་ཞུགས་ཀུང་སིའི་རྒྱུན་མཐུད་གོང་འཕེལ་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་སྒྲོམ་གཞི་འཛུགས་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན། ལྷག་པ།

སྒྲིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

སྤྱི་ཟླ་5པ་ནས་བཟུང་གཏན་འབེབས་གསར་པ་འདི་དག་ལག་ལེན་བསྟར་རྒྱུ་རེད།

སྤྱི་ཟླ་5ཚེས་1ཉིན་ནས་བཟུང་། ཧྲང་ཧའེ་དང་ཧྲེན་ཀྲེན། པེ་ཅིང་བཅས་གསུམ་གྱི་དངུལ་འཛིན་ཉོ་ཚོང་ཁང་གིས་ཁག་སོ་སོར༼ཁྲོམ་ཞུགས་ཀུང་སིའི་རྒྱུན་མཐུད་གོང་འཕེལ་སྙན་ཞུའི་མཛུབ་ཁྲིད༽ཅེས་པ་ལག་ལེན་བསྟར་རྒྱུ་དང་།