ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་གྱིས་ཞབས་ཞུ་མཁོ་འདོན་ཇེ་ལེགས་སུ་བཏང་ནས་ཡུལ་སྐོར་པའི་ཚ་རླབས་བསུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལྔ་གཅིག”གུང་གསེང་སླེབས་ལ་ཉེ་བའི་དུས་འདིར། ཉིང་ཁྲི་གྲོང་ཁྱེར་གྱིས“མི་ཡུལ་དག་ཞིང·རབ་མཛེས་ཉིང་ཁྲི”རིག་གནས་ཡུལ་སྐོར་མིང་རྟགས་བཏོད་དེ་ཉིང་ཁྲི་གྲོང་ཁྱེར་དུ་ཡོང་བར་གྲ་སྒྲིག་ཡོད་པའི་རྒྱ་ཆེའི་ཡུལ་སྐོར་པ་རྣམས་ལ་སྔར་ལས་ལྷག་པའི་རིག་གནས་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱས།

མི་འགྱང་བར་ཐོན་ལ་ཉེ་བའི་འགྲུལ་རྒྱུན་ལ་ཁ་གཏད་དུས་ཉིང་ཁྲི་གྲོང་ཁྱེར་གྱི་ལྗོངས་ཁུལ་སོ་སོས་སྔོན་ན་གྲ་སྒྲིག་གང་ལེགས་བྱས་ནས། ལས་དོན་མི་སྣ་མང་དུ་བཏང་ཞིང་བདེ་འཇགས་ཐབས་ལམ་ལ་ཤུགས་སྣོན་པ། ལྗོངས་ཁུལ་གྱི་ཞབས་ཞུ་ཆུ་ཚད་མཐོ་རུ་བཏང་བ། ཡུལ་སྐོར་པ་ཚོར་བདེ་འཇགས་བསྐྲུན་པ། སྤུས་ལེགས་ཀྱི་ཡུལ་སྐོར་རོལ་མྱོང་བཅས་མཁོ་འདོན་བྱ་རྒྱུ་རེད།“‘ལྔ་གཅིག’རིང་འགྲུལ་རྒྱུན་ཅུང་མང་བས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ལྗོངས་ཁུལ་ནང་གི་བྱ་ཐང་སྦག་སྦག་འཁོར་ལོ་སོགས་ཀྱི་སྤྱི་པའི་སྒྲིག་ཆས་ལ་ཞིབ་བཤེར་བཟོ་བཅོས་བྱས་ནས་བདེ་འཇགས་མངོན་མེད་ཤུགས་རྐྱེན་སེལ་པ་དང་། ང་ཚོས་མུ་མཐུད་དུ་ལྗོངས་ཁུལ་གྱི་རོལ་མྱོང་ཚོར་སྣང་དང་ཡིད་ཚིམ་ཚད་མཐོ་རུ་བཏང་ནས་མུ་མཐུད་དུ་དོ་དམ་ཆུ་ཚད་ལ་ཤུགས་སྣོན་པ་དང་། ལྗོངས་ཁུལ་ཞབས་ཞུ་སྤུས་ཚད་མཐོ་རུ་གཏོང་བ། དུས་ལྟར་རྒྱལ་ཡོངས་ས་ཆ་སོ་སོའི་ཡུལ་སྐོར་པ་དང་གྲོགས་པོ་ཚོ་ཡུལ་སྐོར་བྱེད་དུ་ཡོང་བར་དགའ་བསུ་བྱེད་བཞིན་ཡོད”ཅེས་སྨན་གླིང་གྲོང་ཁྱེར་སངས་རྒྱས་ཕྱག་དབྱིབས་བྱེ་སྒང་ལྗོངས་ཁུལ་གྱི་བོད་ལྗོངས་ཡུས་ཉན་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སི་ཡི་འགན་ཁུར་མི་སྣ་ལི་ཀྲོན་ཧྲིན་གྱིས་དེ་ལྟར་བརྗོད།

2024ལོར། བྲག་གསུམ་མཚོ་ལྗོངས་ཁུལ་འོས་སྦྱོར་ཚོགས་འདུ་ཐོག་ངོ་སྤྲོད་ལྟར་ན། ཉེ་བའི་ལོ་ཤས་རིང་ཀོང་པོ་རྒྱ་མདའ་རྫོང་གིས་ཧུར་ཐག་གིས་ཡུལ་སྐོར་ལས་རིགས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་བྱས་ནས། རྒྱལ་ཁབ་རིམ་པའི5Aརིམ་པའི་ལྗོངས་ཁུལ་བྲག་གསུམ་མཚོ་ལྟེ་གནས་སུ་བཟུང་བ་དང་། གླིང་རྩེ་སྐྱེ་ཁམས་རིག་གནས་ཡུལ་སྐོར་ལྗོངས་ཁུལ་དང་ཞོགས་པ་ལོ་ངོ་སྟོང་ཕྲག་གི་གནའ་མཁར་སོགས་ཀྱི་ལྗོངས་ཁུལ་ཞོར་དུ་བཟུང་ནས་མུ་མཐུད་དུ་ཡུལ་སྐོར་རིག་གནས་ནང་དོན་ཕུམ་ཚོགས་པ་དང་། ཡུལ་སྐོར་ཁོར་ཡུག་ལེགས་བཅོས། ཞབས་ཞུ་སྤུས་ཚད་མཐོ་རུ་བཏང་ནས་ཡུལ་སྐོར་པ་སྔར་ལས་མང་བ་བསུས།

ཉིང་ཁྲི་གྲོང་ཁྱེར་བྲག་ཡུབ་ཆུས་རིག་གནས་ཡུལ་སྐོར་ཅུའུ་ཡིས་ཉེ་ལམ་ཁོངས་གཏོགས་ནང་གི་ཡུལ་སྐོར་ལྗོངས་ཁུལ་སོ་སོའི་འགན་ཁུར་མི་སྣ་རྩ་འཛུགས་བྱས་ནས་བྲག་ཡུབ་ཆུས་ཀྱི“དག་གཙང་ལྗོངས་ཁུལ”ཁོར་ཡུག་གཙང་སྦྲའི་ཆེད་དོན་ལེགས་བཅོས་སྐུལ་སློང་དང“ལྔ་གཅིག”གུང་གསེང་སྔོན་གྱི་བདེ་འཇགས་སྔོན་འགོག་ལས་དོན་བཀོད་འདོམས་ཚོགས་འདུ་བསྡུས་ཤིང་། “ཕན་ཚུན་ཁ་གཏད་པའི”སྒོ་ནས་ཁེ་ལས་གཙོ་གཞི་ལ་དྲིལ་སྒྲོག་སློབ་གསོ་བཏང་ནས“དག་གཙང་ལྗོངས་ཁུལ”ཁོར་ཡུག་གཙང་སྦྲ་ཆེད་དོན་ལེགས་བཅོས་དང“ལྔ་གཅིག”རིང་གི་བདེ་འཇགས་སྔོན་འགོག་ལས་དོན་བྱེད་ཐབས་ནུས་ལྡན་འགན་ལེན་དང་། དུས་ཐོག་ཁ་གཏད་དང་ཕན་ནུས་མངོན་གསལ་གྱིས་རྒྱ་ཆེའི་ཡུལ་སྐོར་པ་ཚོར་བདེ་འཇགས་དང་བདེ་སྐྱིད་ཀྱི་ཡུལ་སྐོར་ཁོར་ཡུག་བསྐྲུན་པ་རེད།

ཡུལ་སྐོར་པས་སེམས་བདེ་མོ་ངང་ཡུལ་སྐོར་བྱེད་པ་དང་། སེམས་བདེ་བའི་ངང་འཛད་སྤྱོད་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་ཞིབ་དོ་དམ་ཅུའུ་ཡིས་མེ་འགོག་སོགས་ཀྱི་སྡེ་ཚན་དང་མཉམ་འབྲེལ་གྱིས་ལྗོངས་ཁུལ་སོ་སོར་བསྐྱོད་དེ་བདེ་འཇགས་སྐོར་གྱི་མངོན་མེད་ཤུགས་རྐྱེན་སེལ་པ་དང་། གཙོ་བོ་སྒྲིག་ཆད་བདེ་འཇགས་ཞིབ་བཤེར་གྱིས་ཡུལ་སྐོར་ཁྲོམ་རའི་ལུགས་མཐུན་མིན་པའི་རིན་དམའ་ཡུལ་སྐོར་དང་བརྡ་ཁྱབ་རྫུན་མ། འགྲུལ་བ་མགོ་གཡོག་མགོ་སྐོར་གཏོང་བ་སོགས་ཀྱི་ཁྲིམས་འགལ་སྲོལ་འགལ་བྱ་སྤྱོད་བཅོས་སྒྱུར་བྱས་ནས། སྤྱི་པའི་རིག་གནས་ཞབས་ཞུ་གནས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་དང་། སྔར་ལས་ལྷག་པའི་ངང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་།  །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།