ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བོད་ལྕགས་ལམ་སྡེ་ཚོགས་ཀུང་སིས་ལྔ་གཅིག་གུང་གསེང་སྐབས་སུ་འགྲུལ་པ་མི་ཐེངས་ཁྲི40སྐྱེལ་འདྲེན་བྱ་རྩིས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2024ལོའི་ལྔ་གཅིག་གུང་གསེང་གི་ལྕགས་ལམ་སྐྱེལ་འདྲེན་དུས་ཡུན་ནི་ཟླ4པའི་ཚེས29ཉིན་ནས་ཟླ5པའི་ཚེས6ཉིན་བར་ཡིན་པ་དང་ཁྱོན་སྡོམ་ཉིན8ཡོད། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་འགྲུལ་པ་མི་ཐེངས་ཁྲི40སྐྱེལ་འདྲེན་བྱ་རྩིས་ཡོད་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི5ཡོད།  འགྲུལ་བའི་རྒྱུན་མང་བའི་ཉིན་ནི་ཟླ5པའི་ཚེས1ཉིན་ཡིན་པ་དང་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི7སྐྱེལ་འདྲེན་བྱ་རྒྱུ་རེད།  

མཚོ་བོད་ལྕགས་ལམ་སྡེ་ཚོགས་ཀུང་སིས་ད་ལོའི་ལྔ་གཅིག་གུང་གསེང་གི་ལྕགས་ལམ་འགྲུལ་རྒྱུན་གྱི་ཁྱད་ཆོས་ལ་དམིགས་ཏེ། ལྔ་གཅིག་གུང་གསེང་གི་སྐབས་སུ་སྐྱེལ་འདྲེན་ཇུས་གཞི་ཞིབ་ཚགས་ངང་བཟོས་ནས་འགྲུལ་རྒྱུན་གཅིག་སྡུད་ཀྱི་ལམ་ཐིག་དང་ས་ཁུལ་དུ་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ། འགྲུལ་བའི་འགྲུལ་སྐྱོད་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱས། དེའི་ཁྲོད་ནས་ཟླ4པའི་ཚེས30ཉིན་དང་། ཟླ5པའི་ཚེས2ཉིན། ཚེས4ཉིན་ལ་ཟི་ལིང་ནས་ཁྲེང་ཏུའུ་ནུབ་ནས་ཟི་ལིང་བར་གྱི་འགྲུལ་སྐྱེལ་མེ་འཁོར་ཐེངསK4202ཁ་སྣོན་རྒྱག་རྩིས་ཡོད་པ་དང་། ཟླ5པའི་ཚེས1ཉིན་དང་ཚེས3ཉིན། ཚེས5ཉིན་བཅས་ལ་ཁྲེང་ཏུའུ་ནུབ་ནས་ཟི་ལིང་བར་གྱི་འགྲུལ་སྐྱེལ་མེ་འཁོར་ཐེངསK4204ཁ་སྣོན་རྒྱག་རྩིས་ཡོད། ཟི་ལིང་ནས་ཁྲེང་ཏུའུ་ནུབ་བར་གྱི་འགྲུལ་སྐྱེལ་མེ་འཁོར་ཐེངསK1060/59ལ་རྐུབ་སྟེགས2དང་ཉལ་ཁྲི1ཁ་སྣོན་རྒྱག་རྩིས་ཡོད་པ་དང་། ཟི་ལིང་ནས་ཞི་ཨན་བྱང་གི་མེ་འཁོར་ཐེངསD2736/5དེ་འཆར་གཞི་ལྟར་ན་ཟླ4པའི་ཚེས30ཉིན་ནས་ཟླ5པའི་ཚེས6ཉིན་བར་འབྲེལ་མཐུད་འཁོར་སྐྱོད་བྱ་རྒྱུ་ཡིན་པ་དང་། མེ་འཁོར་ཐེངསD2732/1དེ་ཟླ4པའི་ཚེས30ཉིན་ནས་ཟླ5པའི་ཚེས5ཉིན་བར་འབྲེལ་མཐུད་འཁོར་སྐྱོད་བྱ་རྒྱུ་རེད། D2688/97ཅན་གྱི་མེ་འཁོར་དེ་ཟླ4པའི་ཚེས30ཉིན་དང་། ཟླ5པའི་ཚེས1ཉིན། ཚེས5ཉིན་བཅས་སུ་འབྲེལ་མཐུད་འཁོར་སྐྱོད་བྱ་རྩིས་ཡོད།

ཟླ4པའི་ཚེས30ཉིན་དང་ཟླ5པའི་ཚེས5ཉིན་ཟི་ལིང་ནས་མིན་ཡོན་བར་གྱི་མེ་འཁོར་ཐེངསD9915/6ཁ་སྣོན་རྒྱག་རྒྱུ་ཡིན་པ་དང་། ཟླ5པའི་ཚེས1ཉིན་ཟི་ལིང་ནས་མིན་ཡོན་བར་གྱི་མེ་འཁོར་ཐེངསD9911/2ཁ་སྣོན་རྒྱག་རྒྱུ་རེད། ཟླ4པའི་ཚེས30ཉིན་ཟི་ལིང་ནས་ན་གོར་མོ་བར་དུ་འགྲུལ་སྐྱེལ་མེ་འཁོར་ཐེངསK6821/2དང་། གློག་སྒུལ་མེ་འཁོར་ཐེངསC29/30ཁ་སྣོན་རྒྱག་རྒྱུ་རེད། ཟླ5པའི་ཚེས5ཉིན་ཟི་ལིང་ནས་ན་གོར་མོ་བར་དུ་འགྲུལ་སྐྱེལ་མེ་འཁོར་ཐེངསK6823ཁ་སྣོན་རྒྱག་རྒྱུ་ཡིན་པ་དང་། ཟླ4པའི་ཚེས30ཉིན་ནས་ཟླ6པའི་ཚེས5ཉིན་བར་ཉིན་རེར་ཟི་ལིང་ནས་ལྷ་ས་བར་འགྲུལ་སྐྱེལ་མེ་འཁོར་ཐེངསZ8981གཏོང་རྒྱུ་རེད། ཟླ5པའི་ཚེས4ཉིན་ནས་ཟླ6པའི་ཚེས3ཉིན་བར་ཉིན་རེར་ལྷ་ས་ནས་ཟི་ལིང་བར་དུ་མེ་འཁོར་ཐེངསZ8982གཏོང་རྒྱུ་ཡིན་པ་དང་། ཟླ5པའི་ཚེས6ཉིན་ནས་ཟླ6པའི་ཚེས10ཉིན་བར་ཟི་ལིང་ནས་ལྷ་སར་བར་དུ་མེ་འཁོར་ཐེངསY971ཁ་སྣོན་རྒྱག་རྒྱུ་རེད། ཟླ5པའི་ཚེས8ཉིན་ནས་ཟླ6པའི་ཚེས12ཉིན་བར་ལྷ་ས་ནས་ཟི་ལིང་བར་དུ་མེ་འཁོར་ཐེངསY972ཁ་སྣོན་རྒྱག་རྒྱུ་རེད། ཟླ4པའི་ཚེས30ཉིན་དང་ཟླ5པའི་ཚེས1ཉིན། ཚེས4ཉིན། ཚེས5ཉིན་བཅས་ལ་ལྷ་ས་ནས་གཞིས་ཀ་རྩེ་བར་དུ་མེ་འཁོར་ཐེངསC921/2ཁ་སྣོན་རྒྱག་རྒྱུ་ཡིན་པ་དང་། ཟླ4པའི་ཚེས30ཉིན་ནས་ཟླ5པའི་ཚེས5ཉིན་བར་ལྷ་ས་ནས་གཞིས་ཀ་རྩེ་བར་དུ་མེ་འཁོར་ཐེངསC923/4ཁ་སྣོན་རྒྱག་རྒྱུ་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།