འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་29ཉིན།

༄༅།།རིན་མི་དགོས་པའི་ཁྱབ་བསྒྲགས་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་29ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འགྲིམ་འགྲུལ་སྐྱེལ་འདྲེན་པུའི་རྒྱུན་ལྡན་ཡོངས་བསྒྲགས་ཚོགས་འདུའི་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ད་ལོའི་ལྔ་གཅིག་གུང་གསེང་རིང་། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་བདུན་མན་གྱི་(བདུན་ཚུད་པ་) ཤར་བགྲོད་གཞུང་ལམ་གྱི་ལམ་གྲོན་མུ་མཐུད་མི་བསྡུ་བའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་དང་། རིན་མེད་ཤར་བགྲོད་དུས་མཚམས་ཀྱི་འགོ་ཚུགས་དང་མཇུག་འགྲིལ་བའི་དུས་ཚོད་ནི་ཟླ་5ཚེས་1ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་ཟླ་5ཚེས་5ཉིན་གྱི་ཆུ་ཚོད་24བར་ཡིན་པ་དང་། ཁྱོན་ཉིན་5ཡི་དུས་ཚོད་ཡོད་པ་རེད།
     སེམས་རྩ་འཁོལ་བའི་གསལ་བརྡ། མྱུར་བགྲོད་གཞུང་ལམ་ལ་རིན་མི་དགོས་པར་བཏང་ཆོག་པ་ནི་རླངས་འཁོར་འགག་སྒོའི་རིན་བསྡུའི་འཁོར་ལམ་དང་ཁ་བྲལ་བའི་དུས་ཚོད་ཚད་གཞིར་འཛིན་དགོས།