དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁེ་ལས་9820ཀོང་ཀྲོའུ་ཚོང་འདུས་སྐབས་135པའི་དུས་ཐེངས་གཉིས་པར་ཞུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-29

    ཚེས་27ཉིན་ཀོང་ཀྲོའུ་ཚོང་འདུས་སྐབས་135པའི་དུས་ཐེངས་གཉིས་པ་ཀོང་ཀྲོའུ་ཚོང་འདུས་ཀྱི་འགྲེམས་ཁང་དུ་མཇུག་འགྲིལ་བ་དང་ཁྱོན་ཁེ་ལས་9820དུས་ཐེངས་གཉིས་པའི་འགྲེམས་སྟོན་ནང་ཞུགས་པ་རེད། དེའི་ནང་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་དང་། བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོ་ཐོབ་པའི་ཁེ་ལས། ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་ཆུང་གྲས་སོགས་སྤུས་ལེགས་ཁེ་ལས་1400ལྷག་ཟིན་པ་སྐབས་གོང་མ་ལས་ཁེ་ལས་300མང་དུ་ཕྱིན་ཡོད། ཚོང་འདུས་ལ་ཞུགས་པའི་ཁེ་ལས་དག་གིས་ལག་རྩལ་གསར་པ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་མཐོ་རུ་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱེད་པ་མ་ཟད། ཉིན་མཁོའི་འཛད་སྤྱོད་རིགས་ཀྱི་ཐོན་རྫས་ཀྱི“གསར་ཚད”དང“ལྗང་མདོག་གི་ཚད”མཐོ་རུ་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱས་ཡོད།

    ཟླ་4ཚེས་27ཉིན་བར་རྒྱལ་ཁབ་དང་ས་ཁུལ་214ཡི་ཕྱི་ཕྱོགས་ཉོ་སྒྲུབ་ཚོང་པ་191928ཚོང་འདུས་ལ་ཞུགས་ཏེ་སྐབས་གོང་མའི་དུས་མཚུངས་ལས་22.1%འཕར་ཡོད། དེའི་ནང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཉོ་སྒྲུབ་ཚོང་པ་124342ཡོད་པ་དེས་64.8%བཟུང་ཡོད། 《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》(RCEP)རྒྱལ་ཁབ་ཀྱི་ཉོ་སྒྲུབ་ཚོང་པ་46663ཡོད་པ་དེས་24.3%བཟུང་ཡོད།

    ཟླ་4ཚེས་27ཉིན་བར་སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱིས“ཚོང་དོན་སྦྲེལ་ཟམ”ཀོང་ཀྲོའུ་ཚོང་འདུས་འོས་སྦྱོར་ངོ་སྤྲོད་དང་གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཉོ་སྒྲུབ་འབྲེལ་མཐུད་བྱེད་སྒོ་ཐེངས་216གྲུབ་འབྲས་ཐོབ་པའི་ངང་གཉེར་བའི་ནང་། མཁོ་སྤྲོད་ཉོ་སྒྲུབ་འབྲེལ་མཐུད་ཀྱི་རིམ་སྤེལ་བྱེད་སྒོ་201གི་རིང་ཉོ་སྒྲུབ་ཚོང་པ་340ལྷག་ཙམ་དང་མཁོ་སྤྲོད་ཚོང་པ་1000ལྷག་ཙམ་གྱིས“གཅིག་གཏད་གཅིག”གི་གྲོས་མོལ་བྱས་པ་དང་འདོད་མོས་ཉོ་སྒྲུབ་ཀྱི་དངུལ་འབོར་ཨ་སྒོར་དུང་ཕྱུར་2.5ཙམ་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།