ཀྲུང་གོ་བོད་ཀྱི་དྲ་བ།

2024ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་དུ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ། རྒྱལ་ཡོངས་བཟོ་པའི་གདོང་ལེན་རྟགས་ཅན་གྱི་གཟེངས་བསྟོད་ཚོགས་ཆེན་ཟླ4བའི་ཚེས28ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

ཝང་ཏུང་མིང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་བཟོ་པ་དང་ཞིང་བ། ཤེས་ཡོན་ཅན་བཅས་དང་རིམ་གྲས་སོ་སོའི་ངལ་རྩོལ་མང་ཚོགས་གཞན་དག་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་བཀུར་ཞུས། ཝང་ཏུང་མིང་གིས་ཏང་གི་ལྟེ་བའི་ལས་འགན་ནི་ཀྲུང་གོའི་བཟོ་པའི་ལས་འགུལ་དང་བཟོ་ཚོགས་ལས་དོན་གྱི་བརྗོད་བྱ་དང་ཁ་ཕྱོགས་དེ་ཡིན། བཟོ་ཚོགས་རིམ་པ་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་བཟོ་ཚོགས་ཀྱི་ལས་དོན་དང་ཏང་གི་ལྟེ་བའི་ལས་འགན་གྱི་འབྲེལ་འདྲིས་དང་འཇུག་སྒོ། ཤུགས་རྒྱག་ས་བཅས་ཡང་དག་བཙལ་ཏེ། བློ་དཀར་ངང་འགན་འཁྲི་སྒྲུབ་པ་དང་འགན་འཁུར་ཕོད་པ། འགུལ་སྐྱོད་དངོས་ཀྱིས་ལས་བཟོ་པ་དུང་ཕྱུར་མང་པོར་མཐུན་སྒྲིལ་ཁྲིད་སྟོན་བྱས་ཏེ། ཏང་གི་སྐད་ཆ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་བཟོ་པའི་གྲལ་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པར་བསྟན།

ཐུན་མོང255དང་མི་སྒེར1088ལ་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའི་ལག་ཁྱེར་དང་གཟེངས་རྟགས་སོ་སོར་ཐོབ་པ་དང་། ཐུན་མོང1034ལ་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་ཨང་རྟགས་ཐོབ། ཚོགས་ཆེན་དེ་རྒྱལ་ཡོངས་སྤྱི་ཁྱབ་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཞུས་ལིའུ་ཕིང་གིས་མགོ་འཛིན་གནང་། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།