ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་བྱེད་སྒོ་ཚོགས་ཆེན་དགུ་རབ་དང་རིམ་པར་སྤེལ་ནས“ལྔ་གཅིག”ལ་རྟེན་འབྲེལ་ཞུ་བ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཨང134པ་འཆར་ཉེར་ཡོད་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྟེན་འབྲེལ་བྱེད་སྒོ་ཚོགས་ཆེན་དགུ་རབ་དང་རིམ་པའི་ངང་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་རྣམས་ཀྱིས་ཏང་གི་སྐད་ཆར་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ“མཚོ་སྔོན་ཤེས་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་རྒྱས་གཏོང་བ”བཅས་ལག་ལེན་བྱེད་མཁན་ཞིག་ཏུ་བརྩོན་ལེན་བྱས་ཏེ་འགུལ་སྐྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བར་བསུ་ཞུ་རྒྱུ་རེད། 

ཤེས་གསལ་ལྟར་ན། བྱེད་སྒོ་རབ་དང་རིམ་པའི་ནང་ལས་བཟོའི་བསམ་བློ་ཆབ་སྲིད་སྣེ་ཁྲིད་བྱེད་སྒོ་སྤེལ་བ་དང་། མང་ཚོགས་རིགས་དབྱེ་ཅན་དང་ཁྱད་པར་ཅན། གནད་འཁེལ་ཅན་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཁེ་ལས་དང་འཁོར་ཁང་། འཛིན་གྲྭ་ཚོགས་ཆུང་བཅས་སུ་ཞུགས་པར་སྐུལ་འདེད་བཏང་ནས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏང་རྒྱུ་བཅས་ཚུད་ཡོད། ཞིང་ཆེན་ཡོངས་ཀྱི་ལས་བཟོ་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་ཉི་ཤུ་པ་དང“བདེ་ཐང་བུམ་པའི”འགྲན་བསྡུར་གཉེར་ནས་ལས་བཟོ་སྒྲིག་འཛུགས་བྱས་ཏེ་གསར་གཏོད་བྱེད་སྒོར་ཧུར་ཐག་སྒོས་ཞུགས་ཤིང་རྒྱ་ཆེའི་ལས་བཟོ་པས་ལས་གནས་ཐོག་གཞི་ཚུགས་ནས་དཔའ་ངར་ཆེན་པོས་སྔོན་ལ་བརྩོན་ལེན་དང་བྱས་རྗེས་འཇོག་པར་སྐུལ་མ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་དཔེ་སྟོན་དང་སྔོན་ཐོན་ལས་དོན་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་བཟོ་པའི་གདོང་ལེན་རྟགས་ཅན་གྱི་དཔྱད་འདེམས་གཟེངས་བསྟོད་འོས་སྦྱོར་ལས་དོན་ཏན་ཏིག་བསྒྲུབས་ནས“མཚོ་སྔོན་ས་མཐོའི་བཟོ་པའི”ཤིང་སྡོང་འདེམས་མིང་འདོགས་པ།“རྒྱལ་ཁབ་ཆེན་པོའི་བཟོ་པའི”གསོ་སྐྱོང་འོས་སྦྱོར་ལས་དོན་ཡག་པོ་བསྒྲུབས་ནས་གཟི་བརྗིད་གཟེངས་བསྟོད་ཀྱི་སྙིང་སྟོབས་སྣེ་ཁྲིད་དང་དཔེ་མཚོན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་དང་རིམ་པ་ཁག་གི་ཏང་སྲིད་མགོ་ཁྲིད་ཀྱིས་གཞི་རིམ་ལ་བྱ་དགའ་སྤྲོད་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་ནས་གཞི་རིམ་གྱི་ལས་བཟོ་པ་མང་ཚོགས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱེད་པར་རོགས་རམ་ཏན་ཏིག་བྱ་དགོས། “དགོངས་དོན་གསུམ”དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་རྣམས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་ལ་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། ལས་བཟོ་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་བྱེད་སྒོ་སྤེལ་ནས་བཟོ་ཚོགས་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་། རྩ་འཛུགས་ནུས་པ། ཞབས་ཞུའི་ནུས་པ་བཅས་ཆེ་རུ་གཏོང་གང་ཐུབ་བྱ་དགོས། ལས་བཟོ་པའི་བརྗོད་བྱ་གཙོ་བོའི་དཔེ་ཀློག་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ལས་བཟོ་པས་དཔེ་ཀློག་ལ་དགའ་བ་དང་། དཔེ་ཀློག་ཡག་པོ་བྱེད་པ། དཔེ་ཀློག་མཁས་པ་བཅས་ཀྱི་ཁྲིད་སྟོན་བྱ་དགོས། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་མཉམ་སྤྲོ་སོགས་ལས་བཟོ་པའི་རིག་གནས་ལུས་རྩལ་བྱེད་སྒོ་གཉེར་ནས་ལས་བཟོ་པའི་རིག་གནས་ལུས་རྩལ་བྱེད་སྒོ་མཁོ་འདོན་ཕུན་སུམ་ཚོགས་སུ་གཏོང་དགོས། གསར་འགྱུར་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཐོན་ལས་བཟོ་པས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏང་རྒྱུར་ནུས་པ་སྤྲོད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བཅས་བྱེད་པའི་ཁྲོད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཡག་པོ་བཤད་དགོས། །

 
རྩོམ་སྒྲིག་པ། : འཕགས་མོ་དོན་འགྲུབ།