ཀྲུང་གོ་བོད་ཀྱི་དྲ་བ།

ཧའེ་ཡན་རྫོང་གིས་ཏང་ཡོན་སློབ་གསོའི་ཕན་ནུས་རྒྱུན་མཐུད་སྒོས་ཇེ་མཐོར་བཏང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་གིས་ཏང་ཡོན་སློབ་གསོའི་དོན་དངོས་ལ་དམ་པོར་དམིགས་ཏེ། ནང་དོན་རྒྱ་སྐྱེད་པ་དང་བྱེད་ཐབས་གསར་གཏོད། དངོས་འབྲས་འདོན་སྤེལ་སོགས་ཕྱོགས་གསུམ་ནས་ཤུགས་བཏོན་ཞིང་། ཁྱོན་ཡོངས་ནས་གཞུང་ལུགས་དང་ལག་ལེན། དྲ་ལམ་དང་ཡུལ་དངོས། སྟོན་ཕྱོགས་དང་ཕན་འབྲས་བཅས་མཉམ་འདྲེས་ཡོང་བར་སྐུལ་འདེད་བྱས་ཏེ། ཏང་ཡོན་སློབ་གསོའི་ཕན་ནུས་རྒྱུན་མཐུད་སྒོས་ཇེ་མཐོར་བཏང་།

སློབ་གསོའི་ཐོན་ཁུངས་ཏེ་ཕུལ་བྱུང་དགེ་རྒན+གསར་བརྗེའི་སློབ་ཁྲིད་ལ་ཤུགས་བསྣན་ནས། ཏང་ཡོན་སློབ་གསོར“མཐིལ་མདོག་ཡོད་པར”ཁག་ཐེག་བྱས། ཞང་དང་གྲོང་རྡལ་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་ཚོགས་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་རྒྱུན་མཐུད་སྒོས་ཤུགས་བསྣན་ཏེ། སྤུས་ལེགས་དགེ་རྒན90ལྷག་གསོག་འཇོག་བྱས། རྡུལ་ཕྲན་མཁར་རྗེས་དྲན་ཁང་དང་སྐལ་བཟང་དུས་རབས་དཔེ་ལེགས་རྗེས་དྲན་ཁང་སོགས་གསར་བརྗེའི་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས་སློབ་ཁྲིད་བྱེད་ཐབས་མང་པོ་བེད་སྤྱད་པ་དང་། 《རྩྭ་ཐང་གི་བུ་རྒོད—སྐལ་བཟང》སོགས་ཀྱི་ལྗོངས་རྣམ་ཏང་གི་སློབ་ཁྲིད་གསར་སྤེལ་བྱས་ཏེ། ཏང་ཡོན་ལས་བྱེད་པའི་ཤེས་བྱའི་ཁྱབ་རྒྱ་ཇེ་ཆེར་བཏང་། ན་ནིང་ནས་བཟུང་། སྡེ་བའི(སྡེ་ཁུལ)ཏང་ཀྲི་པུའུ་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་དང་ཧུར་བརྩོན་ཅན་དང་འཕེལ་རྒྱས་གཏོང་ཡུལ་གྱི་གསོ་སྦྱོང་འཛིན་གྲྭ སྡེ་སྡོད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སོགས་འཛིན་གྲྭ་སྐབས3བདེ་བླག་ངང་བསྒྲུབས།

སློབ་ཁྲིད་ཀྱི་ཐེག་བྱད་དེ་གསར་བརྗེ་གཡུལ་ས+སྤྲིན་སྣེ་སློབ་ཁང་རྒྱ་བསྐྱེད་ནས། ཏང་ཡོན་སློབ་གསོའི“རང་མདངས་མངོན་པར”ཁག་ཐེག་བྱས། སྟོང་མདའ་སྡེ་བའི་ལོ་རྒྱུས་ཁང་དང་མདའ་བཞི་བུ་རྒོད་སྡེ་བའི་གྲོང་གསེབ་དར་སྤེལ་དཔེ་སྟོན་བྱ་ཡུལ།ཟུར་གསུམ་མཁར་སྡེ་ཁུལ་སོགས་ཀྱི་གཡུལ་ས་ཤུགས་གང་ཡོད་སྒོས་གསར་སྐྲུན་བྱས། “ཧའེ་ཡན་ཏང་གི་འཛུགས་སྐྲུན”Appདང་བློ་གྲོས་ཏང་གི་འཛུགས་སྐྲུན་སོགས་དྲ་ལམ་གྱི་ཐེག་བྱད་ལ་བརྟེན་པ་དང་། གྲངས་ཀ་ཅན་གྱི་བློ་གྲོས་འགུལ་རྣམ་དོ་དམ་ལག་བསྟར་བྱས་ཏེ། ཏང་ཡོན་སློབ་གསོའི་གསོ་སྦྱོང་དངོས་སྒྲུབ་ཟབ་སྤེལ་བྱེད་དུ་བཅུག ན་ནིང་ནས་བཟུང་། དྲ་ལམ་གྱི་དུམ་ཚན་སོ་སོའི་ཕྱོགས་བསྡུས་གནོན་ཚད་ཁྲི10ལྷག་ལ་སླེབས་པ་དང་། ཉིན་རེའི་ཆ་སྙོམས་ཀྱི་བེད་སྤྱོད་བྱེད་ཚད་མི60ལྷག་ལ་སླེབས།

སློབ་གསོའི་ཕན་ནུས་ཏེ་ཏང་བླངས་ཞབས་ཞུ+གཞི་རིམ་བཅོས་སྐྱོང་འདོན་སྤེལ་བྱས་ཏེ། ཏང་ཡོན་སློབ་གསོའི“སྐད་སྒྲ་གསལ་བར”ཁག་ཐེག་བྱས། མངའ་ཁུལ་གྱི་སྒྲིག་ཁོངས་སུ་ཚུད་པའི་ཏང་ཡོན300ཡི“འབྲེལ་གཏུག་གཉིས་དང་འབྱོར་ཐོ་གཉིས་འགོད་པ”ཡི་ནང་རྐྱེན་དངོས་འབེབས་བྱས་ཏེ། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས། “འབྲེལ་གཏུག་ལྔ་དང་བཅོས་སྐྱོང་དྲུག”འཛིན་ལུང་དུ་བརྩིས་ཏེ། རིམ་བསགས་ཀྱིས་ཏང་ཡོན་དང་མང་ཚོགས500ལྷག་རྩ་འཛུགས་བྱས་ནས་བཅོས་སྐྱོང་བྱ་འགུལ་ཁྲོད་ཞུགས་སུ་བཅུག གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བྱེད་པའི“བྱ་བ་སྒྲུབ་སྟངས་ཆུང་ཆུང་དྲུག”འཚོལ་ཞིབ་བྱས་པ་དང་། མཉམ་འགུལ་ཐག་གཅོད་མ་དཔེ་སྐྲུན་པ། གྱོད་གཞི་བརྟན་བརླིང་ངང་འགན་ལེན་བྱས་ཤིང་གྱོད་གཞི་ཆུང་ཆུང50ལྷག་འདུམ་སྒྲིག་བྱས་ཏེ། མང་ཚོགས་ཀྱི་རེ་ཞུ་བྱས་པའི་རིགས་སོ་སོའི་གྱོད་གཞི80ལྷག་ཐག་གཅོད་བྱས། །


 
རྩོམ་སྒྲིག་པ། : གསང་བདག་རྒྱལ།