དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཁང་རྫོང་ཁྲང་པ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དབན་ཅེ།

    “མི་དམངས་ཉེན་རྟོག་པའི་ལྟོ་ཕད་ནང་མང་ཚོགས་ཀྱི་རེ་སྒུག་བླུགས་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། སུང་ཁྲའོ་ཅུན།   |     སྤེལ་དུས།  2024-04-28

    འདི་ནི་དབན་ཅེས(གཡས་ཀྱི་གཉིས་པ)གྲོང་མིར་འགལ་ཟླ་འདུམ་འགྲིག་གི་གྲོས་མཐུན་ཡི་གེ་སྟོན་བཞིན་པ།

    “ཉེན་རྟོག་པ་དབན་ལགས། ཁྱེད་ཀྱིས་ལྟོ་ཕད་ཕབ་ནས་ཅ་ལག་འདོན་སྐབས་ངའི་ཐོབ་ཐང་ལག་ཁྱེར་གསར་པ་བཟོས་ཟིན་པ་ཤེས་ཀྱི་འདུག”ཅེས་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཁང་རྫོང་ཁྲང་པ་གྲོང་རྡལ་ཀའོ་ཧྲི་གྲོང་ཚོའི་ལོ་70ལྷག་ཙམ་ལ་སླེབས་པའི་བགྲེས་སོང་ཀྲང་ལགས་ཀྱིས་བཤད།

    ཐོབ་ཐང་ལག་ཁྱེར་བླངས་མ་ཐག་དབན་ཅེས་སླར་ཡང་ལྟོ་ ཕད་ནས་འདྲ་པར་ལེན་སྐབས་ཀྱི་རྒྱབ་རས་ཤིག་བཏོན་ཡོང་བ་དང་རྒན་རྒོན་ཁ་ཤས་པར་ལེན་འཚོལ་བསྡུ་བྱེད་པར་སྒུག་བཞིན་ཡོད། དེ་ནས་ཡུད་ཙམ་སོང་རྗེས་ཁོང་ཚོའི་ཐོབ་ཐང་ལག་ཁྱེར་གསར་པ་གཉེར་ཟིན་ཡོད་པ་རེད།

    ཀའོ་ཧྲི་གྲོང་ཚོའི་འགྲིམ་འགྲུལ་ཆ་རྐྱེན་ཞན་པས་གྲོང་རྡལ་གྱི་མངགས་གཏོང་ཁང་དུ་རླངས་འཁོར་བཏང་ནས་བསྐྱོད་ཚེ་སྐར་མ་40ཙམ་འགོར་གྱི་ཡོད། ཁང་རྫོང་དུ་གྲོང་སྡེ་མང་པོ་ཞིག་ཀའོ་ཧྲི་གྲོང་ཚོ་དང་འདྲ་བར་ཁ་ཐོར་ཡིན་པས་མང་ཚོགས་ཕྱིར་སྐྱོད་པར་སྟབས་བདེ་པོ་མེད། དབན་ཅེས་ཁང་རྫོང་དུ་ཉེན་རྟོག་པའི་ལས་ལ་གཞོལ་ནས་ལོ་10ཙམ་སོང་ཡོད། ཁོང་གིས་སྔོན་ཐོན་གྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཉེན་དོན་ལྟོ་ཕད་ཁུར་ནས་དམངས་ཕན་ཞབས་འདེགས་ཞུ་བའི་བསམ་ཚུལ་བཏོན་པས་རྫོང་ཡོངས་ཀྱི་ཉེན་དོན་ལྟོ་ཕད་ཁུར་མཁན་མི་དམངས་ཉེན་རྟོག་པ་ཁག་དང་པོར་གྱུར་ཡོད།

    གྲོང་ཚོར་སླེབས་རིམ་བཞིན་དབན་ཅེའི་ཉེན་དོན་ལྟོ་ཕད་ནང་ཅ་ལག་ལྗིད་ཏིག་ཏིག་བླུགས་ཀྱི་ཡོད། ལྟོ་ཕད་ཆུང་རུང་དེའི་ནང་ཐོབ་ཐང་ལག་ཁྱེར་དང་། ཁ་ལོ་བའི་ལག་ཁྱེར། ཐེམ་ཐོ་སོགས་དངོས་པོ་རིགས་24བླུགས་ཐུབ་པ་མ་ཟད། ད་དུང་སྟབས་བདེའི་པར་འདེབས་དང་ཆ་འཕྲིན་འཚོལ་བསྡུ་སོགས་རྨང་གཞིའི་ཞབས་འདེགས་ལ་རམ་འདེགས་ཐུབ་ཀྱི་ཡོད། ད་ཆ་ལྟོ་ཕད་ཁུར་ནས་ཉེན་དོན་བསྒྲུབ་རྒྱུ་དེ་རྫོང་ཡོངས་སུ་ཁྱབ་གདལ་ཐུབ་ཡོད།

    གཞི་རྩའི་དམངས་ཕན་ཞབས་འདེགས་ཕུད། ཉེན་དོན་ལྟོ་ཕད་དེའང་དབན་ཅེས་འགལ་ཟླ་འདུམ་འགྲིག་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་ཕན་ཐོགས་ཆེན་པོ་ཡོད། “ཉེན་དོན་ལྟོ་ཕད་ནང་རྟག་ཏུ་ཁྲིམས་ལུགས་ཁྱབ་གདལ་དང་སྲིད་ཇུས་དྲིལ་བསྒྲགས་དཔྱད་གཞི་དང་། ཟིན་བྲིས་དེབ། གྲོས་མཐུན་དེབ་སོགས་དངོས་པོ་ཆ་ཚང་པོ་ཡོད་པས་འདུམ་འགྲིག་བྱེད་དགོས་ཚེ་རྟག་ཏུ་དེ་དག་སྤྱོད་ཐུབ་ཀྱི་འདུག”ཅེས་དབན་ཅེས་བཤད།

    ཁྲང་པ་མངགས་གཏོང་ཁང་གི་ཁོངས་གཏོགས་ཁུལ་དུ་སྒྲིག་ཚུད་གྲོང་ཚོ་18ཡོད་པ་དང་ཧྲན་ཀེན་གྲོང་ཚོར་གྲོང་མི་1000ལྷག་ཙམ་ཡོད་པ་དེ་ནི་མི་གྲངས་མང་ཤོས་ཀྱི་གྲོང་ཚོ་ཞིག་རེད། དབན་ཅེས་དེ་གར“ཉེན་རྟོག་པའི་དྲ་མིག་དང་དྲ་མིག”གི་མཉམ་འགུལ་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ཤིང་། གྲོང་སྡོད་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་དང་། ཁྲིམས་འཛིན་སུའོ་ཡི་ལས་དོན་པ། གྲོང་ཚོ་དེ་གའི་དྲ་མིག་པ་བཅས་ཐུན་མོང་ཐོག་འདུམ་འགྲིག་ནང་ཞུགས་ནས་འགལ་ཟླ་དུས་ཐོག་ཏུ་སེལ་གྱི་ཡོད་པ་རེད།

    ཧྲན་ཀེན་གྲོང་ཚོ་ཕུད་ས་གནས་དེ་གའི་མཛེས་ལྗོངས་ཁུལ་དང་། ཚོགས་འདུའི་ལྟེ་གནས། སློབ་གྲྭ་སོགས་སུ་ཁྲང་པ་མངགས་གཏོང་ཁང་གིས་ཉེན་རྟོག་ཞབས་ཞུའི་ས་ཚིགས(ཁང)8བཙུགས་ཡོད་པ་རེད། དབན་ཅེ་དང་ལས་རོགས་ཚོས་རྟག་ཏུ་ཉེན་དོན་ལྟོ་ཕད་ཁུར་ནས་ཉེན་རྟོག་ཞབས་ཞུའི་ས་ཚིགས(ཁང)སུ་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་པར་སྐྱོད་ཀྱི་ཡོད། འདི་ལོ་ཁོང་ཚོས་འགལ་ཟླ་དང་རྩོད་གཞི་ཁག་98བདེ་བླག་ངང་འདུམ་འགྲིག་བྱས་ཏེ་མི་ཐེངས་160ལ་བཅའ་ཁྲིམས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།

    ཉེ་དུས། ཧྭ་ཆའོ་གྲོང་ཚོར་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་སླེབས་ནས་དམངས་སྲོལ་གནས་ཚང་བཅུ་ལྷག་ཙམ་གྱི་གཉེར་སྐྱོང་པ་རྣམས་ལས་ཀར་བྲེལ་བཞིན་མཆིས། “ང་ཚོ་གང་དུ་བསྐྱོད་རུང་ཉེན་དོན་ལྟོ་ཕད་འདི་འཁྱེར་གྱི་ཡོད” དབན་ཅེ་དང་གཉེར་སྐྱོང་པ་ཚོས་ཁྱམས་རིང་གི་གཤམ་དུ་བསྡད་དེ་ལྟོ་ཕད་ནང་ནས་ཁ་བསླུས་ལ་རྒོལ་བའི་དྲིལ་བསྒྲགས་དཔྱད་ཡིག་བཏོན་ཏེ་དམིགས་སའི་རང་བཞིན་གྱི་སྒོ་ནས་འགྲེལ་བཤད་རྒྱག་གི་ཡོད། ཁྲང་པ་མངགས་གཏོང་ཁང་གིས་ད་དུང“ཡུལ་ལྗོངས་རེར་ཉེན་རྟོག་པ་རེའི”ལམ་སྲོལ་བཙུགས་པ་དང་ཧྭ་ཆའོ་གྲོང་ཚོར་ཆེད་དོན་ཉེན་རྟོག་ཞབས་ཞུ་ཁང་བཙུགས་ཡོད་པ་རེད། མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བར་དཀའ་ངལ་འཕྲད་ཚེ་དུས་ཐོག་ཏུ་མི་དམངས་ཉེན་རྟོག་པ་འཚོལ་ཆོག་པ་དང་གཉེར་སྐྱོང་པར་ཐོལ་བྱུང་གི་གནས་ཚུལ་འཕྲད་སྐབས་ཀྱང་དུས་ཐོག་ཏུ་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།

    ཞིང་ནང་མུ་ཁ་དང་། གྲོང་སྡེའི་སྒོ་ར་ཆེ་མོ། ཚོང་ཁང་བཅས་སུ་འདི་ལོ་ནས་བཟུང་ཁྲང་པ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཁྲིམས་སྐྱོང་དྲིལ་བསྒྲགས་དང་བདེ་འཇགས་འགོག་ཟོན་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་ཐེངས་50ལྷག་ཙམ་སྤེལ་ཡོད་པ་རེད། རྟག་ཏུ་ལས་དོན་བསྒྲུབ་པར་མ་སྐྱོད་གོང་དབན་ཅེ་དང་ལས་རོགས་ཚོས་མང་ཚོགས་ཀྱི་ཞིབ་ཕྲའི་དགོས་མཁོར་གཞིགས་ནས་ལྟོ་ཕད་ནང་གི་དངོས་པོ་བརྗེ་ཡི་ཡོད། “མི་དམངས་ཉེན་རྟོག་པའི་ལྟོ་ཕད་ལས་མང་ཚོགས་ཀྱི་རེ་སྒུག་མཚོན་པས་ང་ཚོས་བསམ་གཞིག་ཞིབ་ཚགས་བྱས་ཚེ་མང་ཚོགས་ལ་དེ་བས་སྟབས་བདེ་ཡོང་གི་རེད། དེ་ནི་ངའི་ལས་དོན་སྒྲུབ་པའི་ཐབས་ཤེས་ཤིག་ཡིན་པས། གྲོང་མི་ཚོར་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་དབན་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།