མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་རོས་ཧྲི་རྒྱལ་ཁབ་ལ་འཁྲབ་སྟོན་དུ་ཕྱིན་ཏེ་ཕྱིར་ལོག་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-25 11:09:00 ཀློག་གྲངས།:
          ཉེ་ལམ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པ་རོས་ཧྲི་རྒྱལ་ཁབ་ཏུ་འཁྲབ་སྟོན་བྱེད་པའི་འོས་འགན་འགྲུབ་ནས་སླར་ཕ་ཡུལ་ལ་ལོག་པ།
          ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་བཀོད་སྒྲིག་འོག  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པ་ཟླ2བའི་ཚེས2ནས་ཚེས12བར་རོས་ཧྲི་རྒྱལ་ཁབ་ཏུ་བོད་ལུགས་ལོ་སར་གྱི་གླུ་གར་འཁྲབ་སྟོན་བྱས་ཤིང་། དུས་ཡུན་ཉིན10ཡི་འཁྲབ་སྟོན་བྱ་འགུལ་ཁྲོད་གླུ་གར་ཚོགས་པ་འདིས་བཟེ་རོ་ཁི(Zurich)འི་ཀྲུང་གོའི་སྤྱི་ཁྱབ་ལས་འཛིན་ས་ཁུལ་ཏེ་གྲོང་ཁྱེར་བཟེ་རོ་ཁི(Zurich)དང་།  ཨ་ལོ་ས་གྲོང་ཁྱེར། ལེ་ཁྲིན་སི་ཏྲིན(Liechtenstein)གླིང་ག་སོགས་སུ་མི་རིགས་ཀྱི་ཁྱད་ཆོས་དོད་པའི་རིག་རྩལ་འཁྲབ་སྟོན་བྱས།
          མཚོ་ལྷོ་མི་རིགས་གླུ་གར་ཚོགས་པའི་ཕུན་སུམ་ཚོགས་པའི་བོད་ཀྱི་གླུ་གར་རིག་རྩལ་འཁྲབ་སྟོན་ལས་རོས་ཧྲི་མི་དམངས་ལ་ངེས་ཤེས་ཟབ་མོ་བསྐྱེད་པ་སྟེ་ནང་སྒོས་སུ་མཚོ་བོད་མཐོ་སྒང་གི་མི་རིགས་རིག་གནས་ལ་རྒྱུས་ལོན་སྔ་ན་མེད་པ་ཞིག་བྱུང་། རྒྱུས་ལོན་པ་ལྟར་ན་འདི་ནི་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་ཐེངས་དང་པོར་ཕྱིའི་རྒྱལ་ཁབ་ཏུ་སྐྱོད་པའི་གླུ་གར་འཁྲབ་སྟོན་ཞིག་ཡིན་པ་དང་ཁོ་ཚོར་མཚོན་ན་ཅུང་ཡིད་ཚིམ་པའི་འབྲས་བུ་བླངས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།