དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་བདེ་བླག་བྱུང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-27

    ཟླ་4ཚེས་25ཉིན་གྱི་ཆུ་ཚོད་20དང་སྐར་མ་59ལ། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་ཨང་2པའི་Fརྒྱང་ཚོར་བཅོ་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་མེ་སྤར་ཏེ་འཕེན་གཏོང་བྱས་ཤིང་། སྐར་མ་10ཙམ་སོང་རྗེས། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་གཉིས་བདེ་བླག་ངང་སོ་སོར་བྲལ་ནས་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་འབྱོར་ཡོད། མིག་སྔར། འཇིག་རྟེན་འཕུར་སྐྱོད་པ་ཚོ་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་པ་དང་འཕེན་གཏོང་བདེ་བླག་བྱུང་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་ཅིའུ་ཆོན་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་25ཉིན་གྱི་ཆུ་ཚོད་20དང་སྐར་མ་59ལ། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་ཨང་2པའི་Fརྒྱང་ཚོར་བཅོ་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་མེ་སྤར་ཏེ་འཕེན་གཏོང་བྱས་ཤིང་། སྐར་མ་10ཙམ་སོང་རྗེས་ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་གཉིས་བདེ་བླག་ངང་སོ་སོར་བྲལ་ནས་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་འབྱོར་ཡོད། མིག་སྔར་འཇིག་རྟེན་འཕུར་སྐྱོད་པ་ཚོའི་གཟུགས་པོ་གནས་ཚུལ་ཡག་པོ་ཡོད་པ་དང་འཕེན་གཏོང་བདེ་བླག་བྱུང་བ་རེད།

    ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་དོན་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འཕུར་གྲུ་འཁོར་ལམ་དུ་འབྱོར་རྗེས་སྔོན་གཏན་འཁེལ་བའི་གོ་རིམ་ལྟར་བར་སྣང་ས་ཚིགས་སྡེབ་སྒྲིག་འཕྲུལ་ཚན་དང་རང་ཚུགས་སྦྲེལ་མཐུད་མགྱོགས་པོ་བྱ་རྒྱུ་ཡིན་ཞིང་། དེ་ནས་ལྷ་གྲུ་ཨང་བཅོ་བརྒྱད་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས་ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་དང་འཁོར་ལམ་ཐོག་ཏུ་ཕན་ཚུན་བརྗེ་རེས་བྱ་རྒྱུ་རེད། བར་སྣང་ས་ཚིགས་སུ་ལས་ཀ་དང་འཚོ་བ་སྐྱེལ་རིང་། ལྷ་གྲུ་ཨང་བཅོ་བརྒྱད་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས་གྲུ་ཚང་ནས་ཐེངས་མང་དོན་ཏེ། ལྗིད་ཤུགས་ཕྲ་མོའི་རྨང་གཞིའི་དངོས་ལུགས་དང་། བར་སྣང་རྒྱུ་ཆའི་ཚན་རིག བར་སྣང་ཚེ་སྲོག་ཚན་རིག འཇིག་རྟེན་འཕུར་སྐྱོད་གསོ་རིག འཇིག་རྟེན་འཕུར་སྐྱོད་ལག་རྩལ་སོགས་ཁྱབ་ཁོངས་ཀྱི(ཚོད་ལྟ)དང་བེད་སྤྱོད་བྱ་རྒྱུ་དང་། བར་སྣང་ས་ཚིགས་ཀྱི་སིལ་ཧྲུག་འགོག་སྲུང་བརྟན་གཏོང་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུ། གྲུ་ཚང་ཕྱིའི་ཐེག་ཁུར་དང་གྲུ་ཚང་ཕྱིའི་ལས་སྟེགས་སྒྲིག་ཆས་སྒྲིག་སྦྱོར་དང་ཚུར་བསྡུ་སོགས་ཀྱི་ལས་འགན་ཁག་ལེགས་སྒྲུབ་བྱ་རྒྱུ་བཅས་རེད།

    ད་རེས་ཀྱི་ལས་འགན་ནི་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་དེ་ཉིད་བར་སྣང་ས་ཚིགས་ཀྱི་ཉེར་སྤྱོད་དང་འཕེལ་རྒྱས་དུས་མཚམས་སུ་སླེབས་པའི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་ཐེངས་3པ་དང་། ལས་གྲྭའི་རྣམ་གྲངས་བཙུགས་ནས་ལག་ལེན་བསྟར་ཚུན་གྱི་འཕེན་གཏོང་ལས་འགན་སྒྲུབ་ཐེངས་32པ་རེད་ལ། རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་བྱེད་ཐེངས་518པའང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།