ཀྲུང་གོ་བོད་ཀྱི་དྲ་བ།

《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》དེ་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས25ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》(གཤམ་དུ《ཁྲིམས་འཛུགས་སྲོལ་ཡིག》)ལག་བསྟར་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་པ་དང་། གསར་འགོད་པས་ཚོགས་འདུའི་སྟེང་ཤེས་གསལ་བྱུང་བ་ལྟར་ན། 《ཁྲིམས་འཛུགས་སྲོལ་ཡིག》དེ་2024ལོའི་ཟླ2པའི་ཚེས2ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་བའི་གྲོས་ཚོགས་ཀྱི་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་མ་ཟད། 2024ལོའི་ཟླ3པའི་ཚེས19ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་ཆོག་མཆན་ཐོབ་ཅིང་། 2024ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

《ཁྲིམས་འཛུགས་སྲོལ་ཡིག》ལ་སྤྱིའི་རྩ་དོན་དང་། ཁྲིམས་འཛུགས་འཆར་འགོད་དང་ཁྲིམས་འཛུགས་འཆར་གཞི། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་འཛུགས་གོ་རིམ།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛུགས་གོ་རིམ། རང་སྐྱོང་སྲོལ་ཡིག སྲོལ་ཡིག་རྐྱང་མ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས། མེད་པ་བཟོ་བ་དང་འགྲེལ་བཤད། གཏན་ཁེལ་གཞན་དག ཟུར་སྣོན་ཚན་པ་བདུན་བཅས་ཚན་པ58འདུ། 《ཁྲིམས་འཛུགས་སྲོལ་ཡིག》གཏན་ཁེལ་ནི་མཚོ་བྱང་ཁུལ་གྱིས“ཏང་ཨུའི་མགོ་ཁྲིད་དང་། དམངས་ཆེན་གཙོ་ཁྲིད། སྲིད་གཞུང་མཐུན་འགྲིག ཕྱོགས་སོ་སོའི་སྡེབ་སྒྲིག སྤྱི་དམངས་དེའི་ཁྲོད་དུ་ཞུགས”པའི་ཁྲིམས་འཛུགས་བྱ་བའི་རྣམ་པའི་མངོན་རྟགས་གལ་ཆེན་ཞིག་ཡིན་ཞིང་། དེས་མཚོ་བྱང་ཁུལ་གྱི་ཁྲིམས་འཛུགས་བྱ་བར་ཁྱོན་ཡོངས་འཐུས་ཚང་གི་གོ་རིམ་རང་བཞིན་གྱི་ཁྲིམས་སྲོལ་ཡོད་པ་མཚོན་པ་མ་ཟད། མཚོ་བྱང་ཁུལ་གྱི་ཁྲིམས་འཛུགས་བྱ་བ་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསྐྱོད་པ་མཚོན་ལ། ཁྲིམས་འཛུགས་སྒྲིག་སྲོལ་འཐུས་ཚང་དང་། ཁྲིམས་འཛུགས་གོ་རིམ་ཚད་ལྡན་འཐུས་ཚང་དུ་བཏང་སྟེ། ཁྲིམས་འཛུགས་ཁྲོད་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་འདོན་སྤེལ་བྱས་ཏེ། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ཐད་འགན་སྲུང་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།