མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཁབ་ཀྱི་གསང་འཕྲིན་ཕྱིར་ཤོར་བའི་གྱོད་དཔེ་གཉིས།1

  2024-04-24 10:05:29 

ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཨང་དགུ་པ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ནས་ལོ10འཁོར་བའི་ཉིན་མོ་ཡང་རེད། ཚེས14ཉིན། རྒྱལ་ཁབ་བདེ་འཇགས་པུས་རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་ཀྱི་དཔེ་མཚོན་གྱོད་གཞི་ཁག་ཅིག་ཁྱབ་བསྒྲགས་བྱས་པ་གཤམ་གསལ་ལྟར།

གྱོད་དཔེ་དང་པོ།

སྐྱེས་པ་ཞིག་གིས་གཏེར་རྫས་ཞི་ཐུའུ་ཡི་གསང་འཕྲིན་མངའ་ཁོངས་ཕྱིར་མཁོ་འདོན་བྱས་པས་ཁྲིམས་ཆད་ཕོག་པ།

ཉེ་ཆར། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་མངའ་ཁོངས་ཕྱིའི་མདོག་ལྡན་ལྕགས་རིགས་ཀུང་སི་ག་གེ་མོས་ཁྲིམས་འགལ་ངང་རང་རྒྱལ་གྱི་ཞི་ཐུའུ་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གསང་འཕྲིན་འཚོལ་ཞིབ་དང་རྐུ་འཁྱེར་བྱས་པའི་གྱོད་གཞི་རྩད་ཆོད་བྱས་པ་དང་། གྱོད་འབྲེལ་མི་སྣར་ཁྲིམས་ལྟར་བཙན་ཐབས་སྤྱད་ཡོད།

ཁྲེང་ཆེ་གེ་མོ་ནི་རང་རྒྱལ་གྱི་གཏེར་རྫས་ཞི་ཐུའུ་ཀུང་སི་ག་གེ་མོ་ཞིག་གི་སྤྱི་གཉེར་བ་གཞོན་པ་ཡིན་ཞིང་། ལས་དོན་ཁྲོད་རང་རྒྱལ་གྱི་ཞི་ཐུའུ་ལས་རིགས་ཀྱི་ནང་ཁུལ་གསང་འཕྲིན་ཤེས་རྟོགས་དང་འབྲེལ་བ་ཡོང་གི་ཡོད། ནམ་རྒྱུན་གྱི་ཚོང་ལས་ལས་དོན་ཁྲོད། ཁྲེང་ཆེ་གེ་མོས་མངའ་ཁོངས་ཕྱིའི་མདོག་ལྡན་ལྕགས་རིགས་ཀུང་སི་ག་གེ་མོ་ཧྲང་ཧའེ་ཉིང་ལག་ཀུང་སིའི་ལས་མི་ཡེ་ཆེ་གེ་མོ་ངོ་ཤེས་པ་རེད། ཡེ་ཆེ་གེ་མོས་ལས་ཀ་སྒྲུབ་སའི་མངའ་ཁོངས་ཕྱིའི་ཀུང་སིའི་ཕྱི་ཁོངས་ལས་མིའི་ངན་སྐུལ་དང་མཛུབ་ཁྲིད་འོག ཡེ་ཆེ་གེ་མོས་རྒྱུ་དངུལ་བསླུ་རྐྱེན་དུ་བྱས་ནས་ལྐོག་ཏུ་ཁྲེང་ཆེ་གེ་མོ་བརྒྱུད་རང་རྒྱལ་གྱི་ཞི་ཐུའུ་བསྡུ་མཛོད་ཞིབ་ཐོ་དང་བཀའ་བཀོད་ཀྱི་ངོ་བོ་ལྡན་པའི་འཆར་གཞི་སོགས་ཆ་འཕྲིན་གཡོ་ལེན་ཐེངས་མང་བྱས་པ་རེད།

ཡེ་ཆེ་གེ་མོར་གསང་འབྲེལ་ཆ་འཕྲིན་མཁོ་འདོན་བྱས་པ་བརྒྱུད། ཁྲེང་ཆེ་གེ་མོས་ཐོབ་ཆ་འབོར་ཆེན་བླངས་པ་རེད། རྒྱལ་ཁབ་གསང་སྲུང་སྡེ་ཁག་གིས་དབྱི་ཞིབ་བྱས་པར་གཞིགས་ན། ཁྲེང་ཆེ་གེ་མོས་མངའ་ཁོངས་ཕྱི་རོལ་དུ་མཁོ་འདོན་བྱས་པའི་ནང་དོན་ཁྲོད་གསང་བའི་རིམ་པའི་རྒྱལ་ཁབ་ཀྱི་གསང་འཕྲིན་ཁག་བདུན་ཚུད་ཡོད།

2023ལོའི་ཟླ11པར། ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མངའ་ཁོངས་ཕྱིར་རྔན་བསླུ་དང་། ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་གསང་བ་མཁོ་འདོན་བྱས་པའི་ཉེས་མིང་ཐོག་ནས། ཡེ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ11གི་ཆད་པ་བཅད་ཅིང་། མངའ་ཁོངས་ཕྱིར་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་གསང་བ་མཁོ་འདོན་དང་ལྐོག་རྔན་བླངས་པའི་མིང་ཐོག་ནས་ཁྲེང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ11དང་ཟླ6གི་ཆད་པ་བཅད།

རྩོམ་སྒྲིག་པ། སངས་བཀྲ།