མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལོ12ནས་ལོ14མན་གྱི་མི4ལ་ཁྲིམས་ཐག་བཅད་འདུག

  2024-04-24 10:05:40 

ཟླ4པའི་ཚེས16ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས། ལོ12སོན་ཞིང་ལོ14མ་སོན་པའི་མིས་མི་བསད་པ་དང་། གནོད་འཚེ་ཚབས་ཆེན་བཟོས་པའི་ཉེས་བསགས་ལ་ཉེས་འགན་བདའ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་བསྡུར་ཞིག་ལ་སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་བྱུང་ཡོད། མིག་སྔའི་བར་སླེབས་དུས། མི་དམངས་ཁྲིམས་ཁང་གིས་ཁྱོན་གྱོད་གཞི་དེ་རིགས4དང་མི4ལ་འདྲི་གཅོད་མཇུག་བསྒྲིལ་པ་དང་། ཉེས་བསགས་མི་སྣའི་ལོ་ཚད་ནི་ལོ12ནས13བར་ཡིན་པས། ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ10ནས15བར་གྱི་ཉེས་ཆད་གཅད་རྒྱུ་རེད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས། འདྲི་གཅོད་དེ་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་བའི་ནར་མ་སོན་པའི་མིར་ཆད་གཅོད་ཀྱི་ཁྲིམས་ར་ཞིག་ཏུ་འགྱུར་བར་བྱ་དགོས་ལ། སྐྱོབ་ཐབས་བྱེད་པ་དང་སློབ་གསོ་རྒྱག་པའི་སློབ་ཁང་ཞིག་ལ་ཡང་བརྩི་དགོས། ཆད་གཅོད་ཐད་“བཟོད་སྒོམ་བྱས་ཀྱང་རྒྱ་ཡན་མི་གཏོང་བ”རྒྱུན་འཁྱོངས་བྱས་ཏེ། རང་སྣང་ངན་གཤིས་ཟབ་པ་དང་། གནོད་འཚེ་ཚབས་ཆེ་བ། ལྷག་པར་སློབ་གསོ་ཐེངས་མང་བརྒྱབ་ཀྱང་སྐྱོན་བཅོས་མ་བྱས་པ་དག་ལ། ཆད་གཅོད་བྱ་དགོས་རིགས་ལ་ཁྲིམས་ལྟར་ཆད་གཅོད་དང་། ཉེན་བརྡ་གཏོང་བའི་སློབ་གསོའི་ནུས་པ་འདོན་སྤེལ་བྱས་ཏེ། གནོད་འཚེ་ཕོག་མཁན་ལ་དྲང་གཞག་དང་སྤྱི་ཚོགས་ལ་གཞུང་དྲང་སྟོན་དགོས་ཞེས་ནན་སྟོན་བྱས་ཡོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གནད་དོན་ཡོད་པའི་ཕྲུ་གུ་ཐོན་པར་ཁྱིམ་ཚང་གི་རྒྱུ་རྐྱེན་ཡོད་ལ་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ཡང་ཡོད་པས། དེའི་ཐད་གཉེན་སྒྲིག་ཁྱིམ་དོན་དང་དབང་གནོད་སོགས་ཀྱི་གྱོད་དོན་ཞིབ་གཅོད་བྱེད་སྐབས། ལྟ་སྐྱོང་འགན་འཁྲི་དང་སློབ་གསོ་ཁྲིད་སྟོན་ལས་དོན་ལ་ཤུགས་སྣོན་རྒྱུར་དོ་སྣང་བྱས་ཏེ། ཕ་མས་ཁྲིམས་ལྟར་ལྟ་སྐྱོང་འགན་འཁྲི་སྒྲུབ་རྒྱུར་ཁྲིད་སྟོན་བྱ་དགོས་ཞེས་བསྟན་ཡོད་པ་དང་།

དེ་མིན“གནད་དོན་ཡོད་པའི་ན་གཞོན”ལ་སློབ་གསོ་དང་བཅོས་སྐྱོང་བྱེད་པའི་གོ་རིམ་ཕྱི་ཚུལ་ཅན་དུ་གྱུར་བ་དེས། ནར་མ་སོན་པའི་མི་འབོར་ཆེན་ཞིག་གིས་བྱས་ཉེས་བསགས་རྗེས་ལྟ་སྐུལ་དོ་དམ་བྱེད་མི་ཐུབ་པ་དང་བྱེད་མཁན་མེད་པར་གྱུར་ནས། ཁྲིམས་འགལ་གྱི་བྱ་སྤྱོད་ཡང་ཡང་སྤེལ་ནས་མཇུག་མཐར་ངན་འབྲས་བཟོས་ཏེ་ནག་ཉེས་བསགས་པ་རེད། དཔེར་ན་ས་ཆ་ག་གེ་མོ་ཞིག་གི་གྱོད་དོན་ཞིག་གི་ནང་། གཏུག་ཡུལ་སྤྱི་བདེ་ལས་ཁུངས་ཀྱིས་སྲིད་འཛིན་བཀག་ཉར་ཐེངས་ལྔ་བྱས་ཀྱང་། དོན་དངོས་སུ་ལག་བསྟར་བྱས་མེད། ལོ་ན་ཕྲ་བའི་ནར་མ་སོན་པའི་མིའི་ཆེད་དོན་བཅོས་སྐྱོང་ལས་ཁུངས་ཀྱི་སྟོབས་ཤུགས་ཞན་པའི་རྣམ་པ་གང་མགྱོགས་འགྱུར་ལྡོག་བཏང་ནས་ཆེད་དོན་སློབ་གྲྭ་འཛུགས་མགྱོགས་སུ་བཏང་ནས། རང་ཚུགས་ཀྱི་ན་གཞོན་ཁྲིམས་འཛིན་མ་ལག་འཛུགས་རྒྱུར་རིམ་བཞིན་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཀྱང་ཉེས་དོན་ཉེས་གསོག་གི་མཚམས་ལ་སླེབས་མེད་པའི་ནར་མ་སོན་པའི་མིར་དགོས་ངེས་ཀྱི་ནོར་འཁྲུལ་དག་བཅོས་ཀྱི་སློབ་གསོ་ཐོབ་ཏུ་འཇུག་དགོས་ཞེས་བསྟན་ཡོད།


  

རྩོམ་སྒྲིག་པ། སངས་བཀྲ།