མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཁབ་ཀྱི་གསང་འཕྲིན་ཕྱིར་ཤོར་བའི་གྱོད་དཔེ་གཉིས།2

  2024-04-24 10:05:55 

ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཨང་དགུ་པ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ནས་ལོ10འཁོར་བའི་ཉིན་མོ་ཡང་རེད། ཚེས14ཉིན། རྒྱལ་ཁབ་བདེ་འཇགས་པུས་རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་ཀྱི་དཔེ་མཚོན་གྱོད་གཞི་ཁག་ཅིག་ཁྱབ་བསྒྲགས་བྱས་པ་གཤམ་གསལ་ལྟར།

གྱོད་དཔེ་གཉིས་པ།

མངའ་ཁོངས་ཕྱིའི“འདྲེ་ལག”རང་རྒྱལ་ཆུ་འབྲས་ཀྱི་ས་བོན་ཐོག་ཏུ་བརྐྱངས་པ།

ཀྲུའུ་ཆེ་གེ་མོ་ནི་དེ་སྔོན་རྒྱལ་ནང་གི་ཞིང་ལས་ཚན་རྩལ་ཀུང་སི་ག་གེ་མོ་ཞིག་གི་སྤྱི་གཉེར་བ་ཡིན་པ་དང་། མངའ་ཁོངས་ཕྱིའི་གསང་མྱུལ་ཆ་འཕྲིན་ལས་ཁུངས་བར་མཉམ་ལས་ཟེར་བའི་འབྲེལ་བ་བཙུགས་པ་དང་འབྲེལ། མངའ་ཁོངས་ཕྱིའི་གསང་མྱུལ་ཆ་འཕྲིན་ལས་ཁུངས་གྱིས་བཏོན་པའི་བླང་བྱ་ཡོད་ཚད་དང་དུ་བླངས་ནས། ས་བོན་མཉམ་བཟོའི་མིང་ཐོག་ནས་སྔ་རྗེས་སུ་ཁྲིམས་འགལ་ངང་བརྒྱུད་འདྲེས་ཆུ་འབྲས་ཀྱི་ས་བོན་རིགས་ལྔ་ཕྱིར་འཚོང་བྱས་པས། རྒྱུན་ལྡན་གྱི་རིན་གོང་ལས་མཐོ་བའི་ཁེ་སྤོགས་རེག་ཡོད།

ཁེ་ཕན་གྱི་བསླུ་བྲིད་འོག ཀྲུའུ་ཆེ་གེ་མོས་མངའ་ཁོངས་ཕྱིར་ས་བོན་བཙོངས་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པ་ཤེས་བཞིན་དུ་རང་རྒྱལ་གྱི་སྤུས་ལེགས་རྒྱུད་འདྲེས་ཆུ་འབྲས་ཀྱི་ས་བོན་འབོར་ཆེན་ཕྱི་རྒྱལ་ལ་གཡོ་ཚོང་བྱས་པ་རེད།

2014ལོའི་ཟླ11པར། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་འགལ་ངང་མངའ་ཁོངས་ཕྱིར་ཆ་འཕྲིན་མཁོ་འདོན་བྱས་པའི་ཉེས་མིང་ཐོག་ནས་ཀྲུའུ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ1དང་ཟླ6གི་ཆད་པ་བཅད་ཅིང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ད་དུང་ཁྲིམས་ལྟར་གྱོད་འབྲེལ་མི་སྣ17ལ་སྲིད་འཛིན་ཆད་པ་བཅད་པར་མ་ཟད་གྱོད་འབྲེལ་ཁེ་ལས་ལ་ཞིབ་བཤེར་ནན་པོ་བྱས་པ་རེད།

རྩོམ་སྒྲིག་པ། སངས་བཀྲ།