ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་ལུག་གྲོད་ཤ་མོས་རྒྱལ་སྤྱིའི་ཁྲོམ་ར་བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་པའོ་བུན་ཟས་རིགས་ཚད་ཡོད་ཀུང་སི་ཡིས་ཧྥ་རན་སི་པཱ་ལི་གྲོང་ཁྱེར་དུ་བསྐུར་བའི་རིན་ཐང་ཨ་སྒོར6900ལྷག་གི་ཤོག་སྒམ25ཡི་ལུག་གྲོད་ཤ་མོ་གསར་བ་སྤྱི་རྒྱ300སེམས་ཀྱི་ཉི་ཟླ་ནས་འགག་སྒོའི་འགྲོ་ལུགས་སྒྲུབ་ཟིན་ནས་གནམ་གྲུ་བརྒྱུད་དེ་ཧྥ་རན་སིའི་པཱ་ལི་གྲོང་ཁྱེར་དུ་བསྐུར་བ་རེད། དེས་བདེ་ཆེན་ཁུལ་གྱི་ཤ་མོ་རིགས་གསར་བས་རྒྱལ་སྤྱིའི་ཁྲོམ་ར་གཏད་དེ་ཕྱི་ཕྱོགས་སུ་འཚོང་བའི་ལམ་བུ་བཏོད་པ་མཚོན་ཡོད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་པའོ་བུན་ཟས་རིགས་ཚད་ཡོད་ཀུང་སི་ཡིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་གྱི་ཐུགས་ཁུར་དང་མཛུབ་སྟོན་འོག ཟླ1པོའི་ཚེས16ཉིན་ལུག་གྲོད་ཤ་མོ་ཕྱིར་འཚོང་རྟེན་གཞིའི་ཐོ་འགོད་ཐོབ་ཐང་ཐོབ་ནས་བདེ་ཆེན་ཁུལ་གྱིས་ཐོན་རྫས་དེ་ཕྱིར་འཚོང་བྱེད་པའི་ཁེ་ལས་དང་པོར་གྱུར་བ་མ་ཟད། ཕྱོགས་ཡོངས་ནས་ཕྱིར་འཚོང་ཟས་རིགས་ཐོན་སྐྱེད་ཁེ་ལས་ཐོ་འགོད་དང་འདེབས་འཛུགས་རྟེན་གཞི་ཐོ་འགོད་སོགས་ཀྱི་རྣམ་གྲངས་སོ་སོའི་ཕྱིར་འཚོང་སྔོན་གྱི་གྲ་སྒྲིག་ལས་དོན་ལེགས་འགྲུབ་ཟིན།

རྒྱུས་ལོན་ལྟར་ན། ཐེངས་འདིར་ཕྱིར་འཚོང་བྱས་པའི་ལུག་གྲོད་ཤ་མོའི་སྤུས་ཚད་ཡག་པ་དང་ཐོན་རྫས་སྤུས་ཀ་ལེགས་པས་ཕྱི་རྒྱལ་ཁྲོམ་རའི་རེ་བ་དང་མཐུན་པ། དེ་དང་ཆབས་ཅིག་ཏུ་ལུག་གྲོད་ཤ་མོའི་གསར་བ་ཡིན་པར་འགན་སྲུང་བྱ་ཆེད། ཀུང་སི་ཡིས་གནམ་གྲུ་ནང་ནས་བསྐུར་ཞིང་དུས་ཚོང་ཐུང་ཐུང་ནང་ཐོན་རྫས་དམིགས་སར་སྐྱེལ་བ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།