ཀྲུང་གོ་བོད་ཀྱི་དྲ་བ།

《དངུལ་ཁང་མ་ཡིན་པའི་དངུལ་སྤྲོད་སྒྲིག་གཞིའི་ལྟ་རྟོག་དོ་དམ་སྲོལ་ཡིལ》ཟླ5བའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར། 《དངུལ་ཁང་མ་ཡིན་པའི་དངུལ་སྤྲོད་སྒྲིག་གཞིའི་ལྟ་རྟོག་དོ་དམ་སྲོལ་ཡིལ》ཟླ5བའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས22ཉིན་ནས་སྲོལ་ཡིག་འདིིའི་སྐོར་གྱི་བསམ་འཆར་བསྡུ་ལེན་བྱས། 《ཞིབ་ཕྲའི་ལག་བསྟར་དོན་ཚན》ནང་དངུལ་ཁང་མ་ཡིན་པའི་དངུལ་སྤྲོད་སྒྲིག་གཞིའི་སྲིད་འཛིན་ཆོག་འཐུས་ཁྱབ་ཁོངས་དང་། ཆོག་འཐུས་ཆ་རྐྱེན། མཆན་བཀོད་བརྒྱུད་རིམ་སོགས་ཁ་གསལ་བཟོས་ཡོད། ལུགས་མཐུན་ངང་ཐོ་འགོད་མ་རྩ་དང་མ་རྩ་གཙང་བའི་ཆ་རྐྱེན་ཇེ་མཐོར་བཏང་ཡོད་པ་དང་། རིན་ལེན་སྙོམས་སྒྲིག་ཡོངས་སྒྲོག་དང་། ཚོང་གཉེར་ཟིན་ཐོ་ཉར་འཛིན་སོགས་ལ་སྒྲིག་སྲོལ་ཁ་གསལ་བཟོས་ཡོད། 

 
རྩོམ་སྒྲིག་པ། : 才让东珠