དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྣེ་གདོང་སྤྱི་བདེས།

    རྒྱན་འགྱེད་འཕྲུལ་ཆས་42གཅིག་སྡུད་མེད་པར་བཟོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་2022ལོར་སྦག་ཁང་བཙུགས་པའི་གྱོད་གཞི་རྩད་གཅོད་ཐུབ་ནས་ཤིང་འབྲས་རོལ་རྩེད་ཀྱི་རྒྱན་འགྱེད་འཕྲུལ་ཆས་42གཅིག་སྡུད་ཐོག་མེད་པ་བཟོས་པ་ལས། སྤྱི་བདེ་ལས་ཁུངས་ཀྱིས་རྒྱན་འགྱེད་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་དམ་བསྒྲགས་རྣམ་པ་དང་ཆོད་སེམས་མངོན་ཡོད།

    2022ལོའི་ཟླ་5པར། སྣེ་གདོང་ཆུས་སྤྱི་བདེ་ཅུས་ནག་སེལ་གཞུང་ལས་ཁང་གིས་ཁུངས་སྣེ་གྲལ་བཤེར་བྱས་པ་བརྒྱུད། ཁོངས་གཏོགས་ཁུལ་གྱི་ཚོང་ཁང་དང་། ཇ་ཁང་། སྒྲོམ་སྟེགས་སྤོ་ལོ་ཁང་བཅས་མང་པོ་ཞིག་ཏུ་ཤིང་འབྲས་རོལ་རྩེད་འཕྲུལ་ཆས་བཞག་སྟེ། རོལ་རྩེད་ཊམ་ཀ་བརྗེ་བའི་ཐབས་ཤེས་ལ་བརྟེན་ནས་རྒྱན་པོ་འགྱེད་པ་ཤེས་རྟོགས་བྱུང་བ་རེད། ནག་སེལ་གཞུང་ལས་ཁང་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་ཁུངས་སྣེར་ཞིབ་དཔྱད་བྱས་རྗེས། ཧྲེ་ཆེ་གེ་མོ་དང་། ཧོ་ཆེ་གེ་མོ། ཧུའུ་ཆེ་གེ་མོ་བཅས་གསུམ་གྱིས་ཁོངས་གཏོགས་ཁུལ་གྱི་ཚོང་ཁང་དུ་ཤིང་འབྲས་རོལ་རྩེད་རྒྱན་འགྱེད་འཕྲུལ་ཆས་མང་པོ་སྒྲིག་སྦྱོར་བྱས་པ་དང་འབྲེལ་དེའི་ཁྲོད་ནས་ཁེ་ཕན་རག་ཐབས་བྱས་པ་ཤེས་རྟོགས་བྱུང་བ་རེད། 2022ལོའི་ཟླ་7པར། མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་ཧྲེ་ཆེ་གེ་མོ་དང་། ཧོ་ག་གེ་མོ། ཧུའུ་ཆེ་གེ་མོ་བཅས་བདེ་བླག་ངང་བཟུང་བ་མ་ཟད། རྒྱན་འགྱེད་འཕྲུལ་ཆས་42དང་རོལ་རྩེད་དངུལ་ལོར་26193གཞུང་བཞེས་བཏང་བ་རེད། མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིགས་ན། ཁྲིམས་འགལ་གྱི་རྒྱན་འགྱེད་འཕྲུལ་ཆས་དེ་དག་གི་གནོད་འཚེ་ཧ་ཅང་ཆེ་བ་དང་ཐ་ན་རང་ཚོད་མི་ཟིན་པའི་མི་འགའ་རྒྱན་འཛུགས་ལ་མགོ་འཁོར་ནས། ཁྱིམ་ཚང་འཐོར་ཞིག་འགྲོ་སྲིད་ལ། དེ་འབྲེལ་གྱི་ཁྲིམས་འགལ་ཉེས་གསོག་གཞན་དག་ཀྱང་ཐོན་ཉེན་ཆེན་པོ་ཡོད།

    རོལ་རྩེད་རྒྱན་འགྱེད་འཕྲུལ་ཆས་དེ་དག་མེད་པ་མ་བཟོས་གོང་། མི་དམངས་ཉེན་རྟོག་པས་བསྡུ་ལེན་བྱས་པའི་རྒྱན་འགྱེད་འཕྲུལ་ཆས་རེ་རེ་བཞིན་ཞིབ་དཔྱད་དང་རྩིས་བཤེར་བྱས་པ་དང་། བརྒྱུད་རིམ་ཧྲིལ་པོར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་ལྟ་ཞིབ་དང་ཁྲིམས་ལུགས་སྡེ་ཚན་གྱི་མི་དམངས་ཉེན་རྟོག་པས་འཕྲུལ་ཆས་དེ་དག་མེད་པ་བཟོ་རྒྱུར་ལྟ་སྐུལ་བྱས་པ་རེད། མེད་པ་བཟོ་རྒྱུའི་བཀའ་བཏང་བ་དང་བསྟུན་ནས་རྒྱན་འགྱེད་འཕྲུལ་ཆས་42འཕྲུལ་ཆས་ཆེ་གྲས་ཀྱིས་མནན་ཏེ་མེད་པ་བཟོས་ཤིང་། གཅིག་སྡུད་ཐོག་མེད་པ་བཟོས་པ་བརྒྱུད་སྤྱི་ཚོགས་ཀྱི་བདེ་འཇགས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།