ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་བྱེད་སྒོ་འདི་འདྲ་ཞིག་སྤེལ།

2024-04-19 10:29:00     责编:娜科

དཔྱིད་ཀྱི་དཔལ་ཡོན་བཞད་ཅིང་། གང་སར་སྐྱེས་སྟོབས་ཀྱི་དཔལ་འབར་བའི་དུས་འདིར། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་ཁང་དུ་སྤྱི་ལོ་2024ལོའི་རྟེན་རྫས་ཁང་དང་སློབ་གྲྭ་མཉམ་ལས་ཀྱི་བྱེད་སྒོ་ཆེ་གྲས་དང་པོ་སྟེ་ཁོག་ཡངས་དང་གཅིག་སྡུད། སྐལ་བཟང་མེ་ཏོག་གིས་ཀྲུང་གོ་མཛེས་པར་གྱུར་ཞེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་དེ་སྤེལ་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེ་ནི་པེ་ཅིང་གྲོང་ཁྱེར་མི་རིགས་ཆོས་ལུགས་བྱ་དོན་ཨུ་ཡོན་ལྷན་ཁང་གིས་མཛུབ་ཁྲིད་གནང་བ་དང་། བོད་ལྗོངས་རིག་གནས་རྟེན་རྫས་ཁང་དང་ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་གི་ཡན་ལག་སློབ་ཁུལ་གཉིས་པས་མཉམ་དུ་གཉེར་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བར་རྟེན་འབྲེལ་ཞུ་བ་དང་། པེ་ཅིང་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་ལག་ལེན་རྟེན་གཞིའི་འཛུགས་སྐྱོང་ཆུ་ཚད་སྔར་བས་བརྟན་དུ་གཏོང་བ། གཞོན་ནུ་ལོ་ཆུང་ནས་བོད་ལྗོངས་ལ་ཤེས་རྟོགས་དང་། བོད་ལྗོངས་ལ་དོ་ཁུར། བོད་ལྗོངས་ལ་དགའ་ཞེན་བཅས་ཡོང་བ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་ངོས་འཛིན་བསམ་བློ་དང་སྤོབས་སེམས་ཆེ་རུ་གཏོང་ཆེད་ཡིན་པ་རེད།

 

 

བོད་ལྗོངས་རིག་གནས་རྟེན་རྫས་ཁང་གི་འགན་འཁུར་བློ་མཐུན་གྱིས་བྱེད་སྒོ་འགོ་ཚུགས་སྐབས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་སློབ་གསོ་ལག་ལེན་བྱེད་སྒོར་དོན་སྙིང་གལ་ཆེན་ལྡན་ཡོད། གཅིག་ནས། རིག་དངོས་དང་འགྲེམ་རྫས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྱོང་བྱེད་པའི་གཏམ་རྒྱུད་བརྗོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་སློབ་གསོ་གཏིང་ཟབ་སྤེལ་ནས་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པར་འཛིན་པའིར་ངོས་འཛིན་ཤུགས་ཆེར་གཏོང་བ་དང་དགོས།  གཉིས་ནས། རྟེན་རྫས་ཁང་དུ་ཉར་ཚགས་བྱས་པའི་དངོས་རྫས་ཀྱི་བདེན་དཔང་ངོ་བོ་སྤྱད་ནས་འགྲེམས་སྟོན་དང་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་སྤེལ་བ་བརྒྱུད་དེ་རྟེན་རྫས་ཁང་དང་སློབ་གྲྭའི་མཉམ་ལས་ལ་ཤུགས་སྣོན་དང་། རྟེན་རྫས་ཁང་གི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དེ་སློབ་གསོའི་ཐོན་ཁུངས་སུ་འགྱུར་བ་བྱས་ཐོག་ལོ་རྒྱུས་དང་དོན་དངོས་ཀྱི་བར་ཐག་ཇེ་ཉེར་གཏོང་བདགོས། གསུམ་ནས། རྟེན་རྫས་ཁང་གིས་སློབ་གྲྭའི་ནང་དུ་སློབ་ཁྲིད་བྱེད་པའི་རྣམ་པར་བརྟེན་ནས་གཞོན་ནུ་ལོ་ཆུང་གིས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་བྱས་རྗེས་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་རྒྱུས་ལོན་ཡོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པའི་བརྒྱུད་རིམ་དང་ཀྲུང་ཧྭའི་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་ལ་ཤེས་རྟོགས་དང་རྒྱུན་ལོན་ཡོང་ཚད་ཆེ་རུ་གཏོང་དགོས་རྒྱུ་བཅས་ཡིན་ཞེས་གསུངས་ཡོད།

 

 

བྱེད་སྒོའི་ནང་ད་དུང་བོད་ལྗོངས་རིག་གནས་རྟེན་རྫས་ཁང་གི་སྤྱི་ལོ་2023ལོའི་ལོ་འཁོར་གྱི་དང་བླངས་པ་མཛེས་ཤོས་བཅུ་ལ་བྱ་དགའ་སྤྲོད་པའི་མཛད་སྒོའང་གཉེར་ཡོད། དང་བླངས་པ་མཛེས་ཤོས་ཀྱི་འཐུས་ཚབ་པ་ལེའུ་ཧྥུ་ཀང་གིས། གཟི་བརྗིད་དེ་ལྟ་བུ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་། བོད་ལྗོངས་རིག་གནས་རྟེན་རྫས་ཁང་དུ་དང་བླངས་ལས་དོན་པ་སྒྲུབ་པའི་ལོ་གཉིས་ལྷག་གི་དུས་ཚོད་ནང་། རང་ཉིད་དང་བོད་ལྗོངས་བར་གྱི་ལས་འབྲེལ་སྔར་བས་དམ་ཟབ་ཏུ་ཕྱིན་སོང་ཞེས་བཤད་ཡོད།

 

 

སྙན་འཇེབས་ལྡན་པའི་གླུ་དབྱངས་ཀྱི་འགྱུར་ཁུག་ཁྲོད། ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་གི་ཡན་ལག་སློབ་ཁུལ་གཉིས་པའི་དགེ་སློབ་དང་། བོད་ལྗོངས་རིག་གནས་རྟེན་རྗས་ཁང་གི་དང་བླངས་པ་དང་པེ་ཅིང་གྲོང་ཁྱེར་ཤིང་ཧའེ་མཉམ་གཞས་ཚོགས་པའི་གྲོགས་པོ་རྙིང་པ་ཚོས་ངོ་མཚར་གྱི་ལེ་ཚན་ལ་བརྟེན་ནས་བྱེད་སྒོའི་ཡོལ་བ་ཕྱེ་ཡོད། གྲོགས་པོ་རྒན་རབས་རྣམ་པའི་གླུ་དབྱངས་སྙན་མོ་དང་། ན་ཆུང་གྲོགས་པོ་ཚོས་གྲ་སྒྲིག་ཨང་གསར་ཞུས་པའི་ཞབས་བྲོ་དང་དྲག་རྩལ། རོལ་ཆ་དཀྲོལ་གཏོང་།  དེ་བཞིན་དང་བླངས་པ་རྣམ་པས་གྲ་སྒྲིག་ཞུས་པའི་ཞབས་བྲོ་སོགས་རེ་རེ་བཞིན་འཁྲབ་སྟོན་བྱས་པ་དང་། ལྷག་པར་དུ་ན་ཆུང་གྲོགས་པོ་ཚོའི་གྲངས་ཉུང་མི་རིགས་ཀྱི་གྱོན་གོས་འགྲེམ་འཁྲབ་ལས་བྱེད་སྒོའི་ཚ་རླབས་འཕྱུར་ཞིང་། ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་རྒྱུ་མེད་པར་བསྒྲགས་པ་དང་། ལྟད་མོ་བ་ཚོས་པར་ཆས་དང་ལག་ཐོག་ཁ་པར་ལ་བརྟེན་ནས་ངོ་མཚར་གྱི་སྐད་ཅིག་མ་རེ་རེ་བརྙན་པར་དུ་བླངས་ཡོད།འཁྲབ་སྟོན་བྱས་པ་རེད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན། ལྷག་པ།

སྒྲིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་བྱེད་སྒོ་འདི་འདྲ་ཞིག་སྤེལ།

སྙན་འཇེབས་ལྡན་པའི་གླུ་དབྱངས་ཀྱི་འགྱུར་ཁུག་ཁྲོད། ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་གི་ཡན་ལག་སློབ་ཁུལ་གཉིས་པའི་དགེ་སློབ་དང་།