མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་སྡོད་འཕུར་གྲུ་གླགས་དང་བསྟུན་ནས་འཕེན་གཏོང་བྱ་རྒྱུ་རེད།

2024-04-19 08:50:20   |   49

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  ཞིན་ཧྭ་དྲ་བ།   བཤེར་འབེབས།  རིན་ཆེན་ཚེ་རིང་།


500034867_0fe34b74-1775-4046-b2ad-775525756b2e.jpg

འདི་ནི་ཟླ4པའི་ཚེས17ཉིན་ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་སྡོད་འཕུར་གྲུ་དང་རྒྱང་བསྐྱོད་ཨང་གཉིས་པའིFརྟགས་ཅན་གྱི་རྒྱང་ཚོར་བཅོ་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་སྡེབ་སྒྲིག་ཕུང་པོ་འཕེན་གཏོང་ཁུལ་དུ་བརྒྱུད་འདྲེན་བྱེད་བཞིན་པའི་རྣམ་པ་རེད།

ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་སྡོད་འཕུར་གྲུ་གླགས་དང་བསྟུན་ནས་འཕེན་གཏོང་བྱ་རྒྱུ་ཡིན་ཞིང་། སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་སྡེབ་སྒྲིག་ཕུང་པོ་འཕེན་གཏོང་ཁུལ་དུ་བརྒྱུད་འདྲེན་བྱས།

ཀྲུང་གོའི་མི་སྡོད་འཕུར་གྲུའི་བཟོ་བཀོད་གཞུང་ལས་ཁང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་དོན། ཟླ4པའི་ཚེས17ཉིན། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་སྡོད་འཕུར་གྲུ་དང་རྒྱང་བསྐྱོད་ཨང་གཉིས་པའིFརྟགས་ཅན་གྱི་རྒྱང་ཚོར་བཅོ་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་སྡེབ་སྒྲིག་ཕུང་པོ་འཕེན་གཏོང་ཁུལ་དུ་བརྒྱུད་འདྲེན་བྱས། མིག་སྔར། འཕེན་གཏོང་ར་བའི་སྒྲིག་ཆས་ཀྱི་རྣམ་པ་བཟང་ལ། འཕེན་གཏོང་སྔོན་གྱི་བྱེད་ནུས་ཞིབ་བཤེར་དང་མཉམ་འབྲེལ་ཚོད་ལྟ་སོགས་ཀྱི་བྱ་བ་སྒྲུབ་བཞིན་པའི་སྒང་ཡིན་ལ། འཆར་གཞི་ལྟར་ཉེ་ཆར་གླགས་དང་བསྟུན་ནས་འཕེན་གཏོང་བྱ་རྩིས་ཡོད། 


མཉམ་སྤྱོད།