ཧན་ཀྲིན་གྱིས་ཨ་མེ་རི་ཁའི་ཅིའུ་ཅིན་ཧྲན་གྲོང་ཁྱེར་གྱི་འགོ་གཙོ་པུའུ་ལེ་ཏི་ལ་མཇལ་འཕྲད་གནང་།
2024.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས18ཉིན།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཨ་མེ་རི་ཁའི་ཅིའུ་ཅིན་ཧྲན་གྲོང་ཁྱེར་གྱི་འགོ་གཙོ་པུའུ་ལེ་ཏི་ལ་མཇལ་འཕྲད་གནང་།

ཟླ4པའི་ཚེས18ཉིན།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཨ་མེ་རི་ཁའི་ཅིའུ་ཅིན་ཧྲན་གྲོང་ཁྱེར་གྱི་འགོ་གཙོ་པུའུ་ལེ་ཏི་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཏིན་གྱིས་ན་ནིང་གི་ཟླ11པར་ཅིའུ་ཅིན་ཧྲན་དུ་ལོ་རྒྱུས་རང་བཞིན་གྱི་གྲོས་མོལ་མཛད་དེ་མ་འོངས་པར་ཁ་ཕྱོགས་པའི་ཅིའུ་ཅིན་ཧྲན་གྱི་འདོད་བློ་བཏོན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་།   ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་གསོན་ཤུགས་དེ་ས་གནས་ལ་རག་ལས་ཡོད་ཅེས་བསྟན།  ཅིའུ་ཅིན་ཧྲན་དང་ཀྲུང་གོའི་འབྲེལ་བ་ཟབ་པ་དང་།   དུས་ཡུན་རིང་བོར་ཅཱ་ལེ་ཧྥུའུ་ཉི་ཡ་མངའ་སྡེ་དང་ཨ་མེ་རི་ཁ་ཡོངས་ཀྱིས་ཀྲུང་གོར་བརྗེ་རེས་བྱེད་པའི་རིམ་བསྟར་དཔུང་ཁག་དང་པོ་ཡིན།   འགོ་གཙོ་པུའུ་ལེ་ཏི་ཡི་ཐེངས་འདིའི་འཚམས་འདྲིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་མཉམ་ལས་ལ་སྔར་ལས་ཡར་སྐུལ་བྱེད་པ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་མཉམ་ལས་ཀྱི་ཁྱད་ཆོས་བསྐྲུན་པ།   མི་སྣའི་འགྲོ་འོང་དང་མི་གཞུང་བརྗེ་རེས་དམ་ཟབ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་དྲག་ཏུ་གཏོང་བ་དང་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་ཐང་བརྟན་འཇགས་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད་ཅེས་བསྟན།

པུའུ་ལེ་ཏི་ཡིས་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཅིའུ་ཅིན་ཧྲན་ནས་གྲོས་མོལ་མཛད་དེ་གྲུབ་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱས་ནས།   ས་གནས་བརྗེ་རེས་དང་དམངས་ཁྲོད་བརྗེ་རེས་ལ་བརྟེན་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།  ཅིའུ་ཅིན་ཧྲན་གྱིས་ཀྲུང་གོའི་བར་གྱི་མི་སྣའི་བརྗེ་རེས་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་བྱེད་ནུས་གལ་ཆེན་འདོན་འདོད་ཡོད་ཅེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།