དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི་རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོ་དང་ཀྲུང་གོའི་རིག་གནས་མྱོང་རོལ་བྱེད་སྒོ་ཧ་ནོ་དབྱིར་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-19

    ཚེས་15ཉིན་2024ལོའི་རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོ་དང་ཀྲུང་གོའི་རིག་གནས་མྱོང་རོལ་བྱེད་སྒོ་ཝེ་ཐེ་ནམ་གྱི་ཧ་ནོ་དབྱི་སློབ་ཆེན་ཁུང་ཙི་སློབ་གླིང་དུ་གཉེར་བ་རེད། བྱེད་སྒོ་དེ་ཧ་ནོ་དབྱི་སློབ་ཆེན་ཁུང་ཙི་སློབ་གླིང་གིས་གཙོ་གཉེར་བྱས་ཤིང་། ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སློབ་གསོའི་ཚན་ཙན་ཀྲེན་ཏ་ཝེ་དང་ཧ་ནོ་དབྱི་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་རོན་ཧྲེ་ཅུས་ཧྥང་སོགས་བྱེད་སྒོར་ཞུགས་ཡོད་པ་རེད། ཝེ་ཐེ་ནམ་གྱི་སློབ་ཆེན་དང་སློབ་འབྲིང་མང་པོ་ཞིག་གི་དགེ་སློབ་མྱོང་རོལ་བྱེད་སྒོར་ཞུགས་ཡོད་པ་རེད།

    ཀྲེན་ཏ་ཝེ་ཡིས་ཤིས་ཚིག་བསྒྲོན་སྐབས། རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོ་ནི་ཧ་ཅང་གལ་འགངས་ཆེ་བའི་བྱ་གཞག་ཅིག་དང་ཀྲུང་ཕྱིའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ་དང་། བསམ་ཤེས་ཟབ་གཏོང་། ཐུན་མོང་ངོས་འཛིན་གཅིག་སྡུད། མཉམ་ལས་གཉིས་ཕན་བཅས་ཀྱི་ཟམ་པ་དང་སྒྲོག་ཐག་ལྟ་བུ་ཞིག་རེད། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པ་དེས། རྒྱ་ཡིག་སྦྱོང་མཁན་ཝེ་ཐེ་ནམ་གྱི་སློབ་མ་ཚོར་གོ་སྐབས་དེ་བས་མང་བ་དང་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་ཡངས་པ་བཏོད་ཡོད་ཅེས་བརྗོད་པ་རེད།

    རོན་ཧྲེ་ཅུས་ཧྥང་གིས་ཤིས་ཚིག་བསྒྲོན་སྐབས། ཝེ་ཐེ་ནམ་དང་ཀྲུང་གོ་ནི་བློ་མཐུན་དང་སྤུན་ཟླ་ལྟར་གྱི་མཛའ་གྲོགས་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས། རིག་གནས་ཀྱི་རྨང་གཞིའི་ཐད་ཆ་འདྲ་བའི་གནས་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ཐད་འཕེལ་རྒྱས་ཀྱི་རྣམ་པ་ཐོན་ཡོད། རྒྱབ་ལྗོངས་དེ་འདྲའི་འོག་ཝེ་ཐེ་ནམ་དུ་རྒྱ་ཡིག་སྦྱོང་མཁན་ཇེ་མང་དུ་འགྲོ་བ་དང་མི་མང་པོ་ཞིག་གིས་རྒྱ་ཡིག་སྦྱངས་ནས་བློ་ལ་འབབ་པའི་ལས་ཀ་རག་པས། ཝ་ཐེ་ནམ་གྱི་སློབ་ཆེན་ཁག་གི་རྒྱ་ཡིག་ཚན་ཁག་དང་རྒྱ་ཡིག་གསོ་སྦྱོང་སྒྲིག་གཞིས་སློབ་མ་བསྡུ་བར་སྐུལ་མ་ཐེབས་ཡོད་ལ། ཝེ་ཐེ་ནམ་གྱི་སློབ་གྲྭ་འབྲིང་ཆུང་དུ་རྒྱ་ཡིག་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།