ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཨ་རིའི་ཅིའུ་ཅིན་ཧྲན་གྲོང་ཁྱེར་གྱི་ཧྲི་ཀྲང་པུའུ་ལེ་ཏི་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་ཨ་རིའི་ཅིའུ་ཅིན་ཧྲན་གྲོང་ཁྱེར་གྱི་ཧྲི་ཀྲང་པུའུ་ལེ་ཏི་ལ་ཐུག་འཕྲད་གནང་།

ཟླ4བའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་་རིའི་ཅིའུ་ཅིན་ཧྲན་གྲོང་ཁྱེར་གྱི་ཧྲི་ཀྲང་པུའུ་ལེ་ཏི་ལ་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཏེང་གིས་ན་ནིང་ཟླ11པར་ཅིའུ་ཅིན་ཧྲན་དུ་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་གནང་ནས་འབྱུང་འགྱུར་ལ་ཁ་ཕྱོགས་པའི“ཅིའུ་ཅིན་ཧྲན་གྱི་འདུན་ལྗོངས”བསྐྲུན་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་བོ་བསྟན་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བའི་གསོན་ཤུགས་ས་གནས་སུ་ཡོད། ཅིའུ་ཅིན་ཧྲན་དང་ཀྲུང་གོ་བར་འབྲེལ་བ་ཟབ་མོ་ཡོད་པ་དང་ཡུན་རིང་ཅ་ཀྲོའུ་དང་ཨ་རི་ཡོངས་ཀྱིས་ཀྲུང་གོ་དང་འགྲོ་འོང་བྱེད་པའི“སྐས་རིམ་རུ་ཁག་དང་པོར”གནས་ཡོད། གྲོང་ཁྱེར་གྱི་ཧྲི་ཀྲང་པུའུ་ལེ་ཏི་ཐེངས་འདིའི་འཚམས་འདྲི་གནང་བ་དེས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་ཚན་རྩལ་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། རླངས་འགྱུར་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གཏོད་པ། མི་སྣ་འགྲོ་འོང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་བརྩེ་དུང་ཇེ་ཟབ་ཏུ་གཏོང་བ། ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

པུའུ་ལི་ཏེས་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཅིའུ་ཅིན་ཧྲན་ཐུག་འཕྲད་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། ས་གནས་སྤེལ་རེས་དང་དམངས་ཁྲོད་འགྲོ་འོང་ལ་བརྟེན་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཅིའུ་ཅིན་ཧྲན་གྱིས་ཀྲུང་གོ་དང་མི་སྣའི་འགྲོ་འོང་དང་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་མུ་མཐུད་གཞོལ་ནས། ཨ་ཀྲུང་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།