ཀྲུང་གོ་བོད་ཀྱི་དྲ་བ།

པད་མ་རྫོང་གིས་ཕན་འབྲས་མཐོ་བའི་སྒོ་ནས“5·22”ས་ཡོམ་གྱི་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་བྱ་བ་ལེགས་འགྲུབ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན་གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ནས་ཤེས་གསལ་ལྟར་ན། པད་མ་རྫོང་གི“5·22”ས་ཡོམ་གྱི་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་སྤེལ་བ་ནས་བཟུང་། པད་མ་རྫོང་གིས་ཕྱོགས་སོ་སོའི་འགན་འཁྲི་དང་ལེན་བྱེད་པར་སྐུལ་འདེད་བཏང་བ་དང་། བྱ་བའི་བྱེད་ཐབས་ལ་ཤུགས་བསྣན་ནས་ཞན་ཆ་འགག་སྒྲོལ་བྱས་ནས་ལོ་གསུམ་རིང་བསྐྱར་སྐྲུན་གྱི་དམིགས་ཚད་དང་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་།

པད་མ་རྫོང་གིས་གཞི་རིམ་ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱས་ནས“གཉིས་འབྲེལ་མཉམ་སྐྲུན”རྒྱབ་བརྟེན་དུ་བྱེད་པ་དང་ཕྱུགས་ཟོག་དང་མི་ཐབས་ལ་བརྟེན་ནས་བསྐྱར་སྐྲུན་བྱེད་སྟངས་སྤེལ་ཏེ། ལས་བྱེད་པ་དང་ལས་བཟོ་བ། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་སོགས་ཕན་འབྲས་ཡོད་པའི་སྒོ་ནས་གཞི་རིམ་གྱི་སྟོབས་ཤུགས་ལ་སྐུལ་ཁྲིད་བྱས་ནས་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན“མཇུག་མཐའི་ལེ་དབར་གཅིག”གཏོད་དེ། ཏང་དང་མང་ཚོགས་ཀྱིས་བློ་གཅིག་སེམས་གཅིག་གིས་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཆགས་སུ་བཅུག

པད་མ་རྫོང་གི་བསྐྱར་སྐྲུན་ལས་དོན་ཐད་སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་སྒྲིག་བཀོད། སྤྱི་པའི་ཞབས་ཞུ། ཐོན་ལས་སླར་གསོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྒྲིག་བཀོད་སོགས་རྣམ་གྲངས་ཁག19ལག་བསྟར་བྱས་པ་དང་། མ་དངུལ་བསྡོམས་པས་སྒོར་དུང་ཕྱུར་1.82ལྷག་བཏང་ཞིང་། དེའི་ནBདངCདངDབཅས་རིམ་པ་ཅན་གྱི་སྡོད་ཁང་ཞིག་གསོ་སྲ་བརྟན་དུ་བཏང་ནས་སྤྱིར་བཏང་གི་སྡོད་ཁང394བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་། སྡོད་ཁང22སྲ་བརྟན་དུ་བཏང་སྟེ་སྡོད་ཁང11ཞིག་གསོ་བྱས་པ། སྡོད་ཁང34བསྐྱར་སྐྲུན་བྱས། གྲོང་གསེབ་དང་འབྲོག་ཁུལ་གྱི་ཁ་ཐོར་རྣམ་པའི་ཆུ་འདོན་ལས་གཞི40དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་ཁ་ཐོར་རྣམ་པའི་ཆུ་འདོན་ལས་གཞི37ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཡོད་པ་དང་། སྤྱི་ལེ0.4ཡི་གྲོང་གསེབ་ཀྱི་འགྲོ་ལམ་བསྒྱུར་བཀོད་རིམ་སྤོར་བྱས་པ་དང་གསེར་ཐང་སློབ་ཆུང་སོགས་སློབ་གྲྭ5འཛུགས་སྐྲུན་རྣམ་གྲངས་བེད་སྤྱོད་གཏོང་རྒྱུར་རྩིས་སྤྲོད་བྱས་པ་དང་། རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་དེང་རབས་ཅན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་རྣམ་གྲངས་ཚོང་གཉེར་བྱེད་མགོ་ཚུགས་པ་དང་། དུས་མཚུངས་སུ། གསེར་ཐང་གྲོང་རྡལ་མི་དམངས་ལུས་སྦྱོང་ལྟེ་གནས་དང་མཚོ་སྔོན་རྒྱང་སྐྱོད(པད་མ)རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ཁྱད་ལྡན་སྤྱི་གླིང་འཛུགས་སྐྲུན་བྱེད་པ་སོགས་པད་མ་རྫོང་གི་རིག་གནས་ལུས་རྩལ་གྱི་ཞན་ཆ་ཁ་གསབ་བྱས།

པད་མ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་གི་དམིགས་བསལ་འདུ་ཤེས་བརྟན་པོར་བཙུགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དེ་སླར་གསོ་བསྐྱར་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། སླར་གསོ་བསྐྱར་སྐྲུན་ལས་གཞིའི་རྣམ་གྲངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་ལ་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམར་ཐིག་སྲུང་སྐྱོང་། ཆུ་ལམ་དང་ཆུ་རགས་ཀྱི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཆུ་ལོག་འགོག་པའི་ལས་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ། ཤང་དང་གྲོང་རྡལ་གྱི་ནུས་ཁུངས་གཙང་མ་འཛུགས་སྐྲུན་དང་། སྨར་ཁོག་གི་རྒྱལ་ཁབ་བརླན་ས་སྤྱི་གླིང་འཛུགས་སྐྲུན། ཆུ་ཁུངས་སྲུང་སྐྱོང་སོགས་ཀྱི་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། གནོད་འཚེ་རྗེས་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོ་བྱ་གཞག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།