མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཟི་ལིང་གིས་མེ་སྐྱོན་གྱོད་དཔེ་གསུམ་བསྒྲགས་པ།3

  2024-04-15 15:54:35 

གྱོད་དཔེ་གསུམ་པ།

2021ལོའི་ཟླ3པའི་ཚེས18ཉིན་གྱི་ཆུ་ཚོད13དང་སྐར་མ10ཡི་སྟེང་། དོགས་ཡོད་ཉེས་ཅན་ཧོའུ་ཆེ་གེ་མོས་རང་གི་ཁྱིམ་མི་དང་མཉམ་དུ་སྟོང་སྐོར་རྫོང་ཁྲེང་ཀོན་གྲོང་རྡལ་ཡུང་ཤིན་སྡེ་བའི་རུས་དབྱང་ཚང་གི་དུར་སར་སོང་སྟེ་ཤོག་བུ་བསྲེགས་པ་དང་། དུར་སར་མེ་ཟོན་ཁུང་བུ་མེད་པས་དོགས་ཡོད་ཉེས་ཅན་གྱིས་ཤོག་བུ་སྤར་སྐབས་མཐའ་འཁོར་གྱི་རྩྭ་གསེང་དུ་མེ་འབར་ནས་ནགས་ཚལ་ལ་མེ་སྐྱོན་བྱུང་བ་རེད།

གསལ་འབྱེད་བྱས་པ་བརྒྱུད། གྱོད་གཞི་དང་འབྲེལ་བ་ཡོད་པའི་ས་ཆའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང13.3327(མུའུ200)ཟིན་ཡོད་པ་དང་། གྱོང་གུན་སྒོར་ཁྲི7.4ལྷག་ཙམ་བཟོས་ཡོད། 2021ལོའི་ཟླ8པའི་ཚེས16ཉིན། ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུའུ་མི་དམངས་ཁྲིམས་ཁང་གིས་གཏུག་ཡུལ་ཧོའུ་ཆེ་གེ་མོས་མེ་ཤོར་དུ་བཅུག་པའི་ནག་ཉེས་བསགས་པར་ངོས་འཛིན་བྱས་ཏེ། དུས་བཀག་བཙོན་འཇུག་ཟླ6དང་། ཉེས་ཆད་ཕྱིར་འགྱངས་ལོ1བྱ་རྒྱུའི་ཁྲིམས་ཐག་བཅད།

  

རྩོམ་སྒྲིག་པ། སངས་བཀྲ།