མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཟི་ལིང་གིས་མེ་སྐྱོན་གྱོད་དཔེ་གསུམ་བསྒྲགས་པ།2

  2024-04-15 15:54:11 

གྱོད་དཔེ་གཉིས་པ།

2021ལོའི་ཟླ3པའི་ཚེས11ཉིན་གྱི་ཆུ་ཚོད13དང་སྐར་མ34སྟེང་། དོགས་ཡོད་ཉེན་ཅན་ཝང་ཆེ་གེ་མོ་སྟོང་སྐོར་རྫོང་ཏ་ཧྭ་གྲོང་རྡལ་ལ་ལ་ཁཱ་སྡེ་བའི་ས་དམར་ལུང་ཤུར་དུ་རུས་ཝང་ཚང་གི་དུར་སར་སོང་སྟེ། རང་གི་ཕ་ལ་དུར་མཆོད་བྱས་པ་དང་། ཆུ་ཚོད13དང་སྐར་མ50ཡི་སྟེང་རླུང་ཆེན་པོ་ལྡང་བའི་རྐྱེན་གྱིས་མེར་སྤར་བའི་ཤོག་བུ་ཤར་ངོས་ཀྱི་རྩྭ་གསེང་དུ་ཁུར་ནས་ནགས་ཚལ་ལ་མེ་སྐྱོན་བྱུང་།

གསལ་འབྱེད་བྱས་པ་བརྒྱུད་གྱོད་གཞི་དང་འབྲེལ་བ་ཡོད་པའི་ས་ཆའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་20.0955(མུའུ301.4)ཟིན་ནས་གྱོང་གུན་སྒོར་ཁྲི་7.3ལྷག་ཙམ་བཟོས་ཡོད་པ་རེད། 2021ལོའི་ཟླ8པའི་ཚེས་11ཉིན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་མི་དམངས་ཁྲིམས་ཁང་གིས་གཏུག་ཡུལ་ཝང་ག་གེ་མོས་མེ་ཤོར་བའི་ཉེས་པ་བསགས་པར་ངོས་འཛིན་བྱས་ནས་དུས་བཀག་བཙོན་འཇུག་ཟླ9དང་། ཉེས་ཆད་ཕྱིར་འགྱངས་ལོ1བྱ་རྒྱུའི་ཁྲིམས་ཐག་བཅད།

རྩོམ་སྒྲིག་པ། སངས་བཀྲ།