ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལིའི་ཆུ་གློག་ས་ཚིགས་ཤིག་འབར་གས་བྱུང་བ་ལས་ཉུང་མཐར་ཡང་མི3ཚེ་ལས་འདས་པ་དང་གཞན་མི3ལ་རྨས་སྐྱོན་ཐེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལིའི་སྨྱན་བྱད་ཀྱིས་སྤེལ་བའི་གསར་འགྱུར་ལྟར་ན། ཚེས9ཉིན་རྒྱལ་ཁབ་དེའི་བྱང་ཕྱོགས་པའོ་ལའོ་ཉི་ཡ་གྲོང་ཁྱེར་ཉེ་འཁོར་གྱི་ཆུ་གློག་ས་ཚིགས་ཤིག་འབར་གས་བྱུང་བ་ལས་ཉུང་མཐར་ཡང་མི3ཚེ་ལས་འདས་པ་དང་གཞན་མི3ལ་རྨས་ཕོག།

གསར་འགྱུར་ནང་། ས་དེའི་དུས་ཚོད་ཚེས9ཉིན་གྱི་ཆུ་ཚོད15ཡས་མས་སུ། པའོ་ལའོ་ཉི་ཡ་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་སུའུ་ཝའེ་ཡ་ནཱ་ཆུ་མཛོད་ཀྱི་ཆུ་གློག་ས་ཚིགས་ཤིག་ལ་འབར་གས་བྱུང་ཞིང་། ཐེངས་འདིའི་དོན་རྐྱེན་ཁྲོད་མི6གར་སོང་ཆ་མེད་དུ་གྱུར་ལ། འཚོལ་སྐྱོབ་ལས་དོན་སྤེལ་བཞིན་ཡོད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།