འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་28ཉིན།

༄༅།།མི་122བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་28ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་སྨྱན་སྦྱོར་དུ་ཟླ་3ཚེས་26ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། པ་ཧ་མ་གོང་མ་ཚང་གི་རྒྱལ་སྲུང་དམག་གིས་ཚེས་23ཉིན་ལཱ་ཅི་ཏེ་གླིང་ཕྲན་(Raggged Island)ཉེ་འགྲམ་དུ་ཧེ་ཏེའི་གྲུ་གཟིངས་ཤིག་བཀག་ནས། པ་ཧ་མའི་རྒྱལ་མཚམས་སུ་བརྒལ་མཁན་ཁྲིམས་འགལ་གནས་སྤོས་ཡུལ་མི་122བཟུང་བ་རེད། 
     ཧེ་ཏི་དྲག་ཤུགས་དོན་རྐྱེན་རིམ་སྤོར་བྱས་པས་ཧེ་ཏི་ཡི་མི་མང་པོ་ཞིག་གིས་ཁྲིམས་འགལ་གྱི་གནས་སྤོ་བྱ་འགུལ་སྤེལ་བཞིན་ཡོད། གཟའ་འཁོར་སྔོན་མར་པ་ཧ་མ་ཡིས་ཧ་ཏི་ཡི་ཁྲིམས་འགལ་གནས་སྤོས་ཡུལ་མི་63ཕྱིར་བསྐྱལ་ཡོད། འོན་ཀྱང་ཧེ་ཏིའི་མིག་སྔའི་གནས་བབ་དང་མཁའ་འགྲུལ་ས་ཚིགས་ཀྱི་གནས་ཚུལ་ལ་བསམ་གཞིག་བྱས་ཏེ། པ་ཧ་མ་རྒྱལ་ཁབ་བདེ་འཇགས་པུའུ་ཀྲང་གིས་མཚོ་ལམ་བརྒྱུད་ཁྲིམས་འགལ་གྱི་གནས་སྤོས་ཡུལ་མི་དེ་དག་ཕྱིར་སྐྱེལ་བྱེད་སྲིད་ཅེས་བཤད་པ་རེད། དེ་དང་ཆབས་ཅིག་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཧེ་ཏི་ཡི་ཁྲིམས་འགལ་གནས་སྤོས་ཡུལ་མི་ཕྱིར་ལོག་བྱ་རྒྱུ་གནས་སྐབས་མཚམས་འཇོག་བྱེད་དགོས་པའི་རེ་འབོད་ཀྱང་བྱས་པ་རེད།