དབྱི་སི་རལ་གྱི་ཙུང་ལི་ཡིས་ཨ་མེ་རི་ཁའི་རྒྱབ་སྐྱོར་མེད་ཀྱང་དབྱི་སི་རལ་གྱིས་ས་ངོས་ནས་ལཱ་ཧྥ་གྲོང་ཁྱེར་དུ་དཔུང་འཇུག་བྱེད་སྲིད་པའི་ཚུལ་བསྟན།
2024.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་གཉིས་ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་བཤད་རྒྱུར། ཨ་མེ་རི་ཁའི་རྒྱབ་སྐྱོར་མེད་ཀྱང་། དབྱི་སི་རལ་གྱིས་ས་ངོས་ནས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་དཔུང་འཇུག་བྱེད་སྲིད་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་གཉིས་ཉིན་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་པུའུ་ལིན་ཁུན་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། གལ་ཏེ་ལཱ་ཧྥ་གྲོང་ཁྱེར་དུ་སོང་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ལྷག་འཕྲོའི་སྒར་ཤོག་འགའ་ཚར་གཅོད་མ་བྱས་ན། ཧཱ་མཱ་སི་ཕམ་ཉེས་སུ་གཏོང་ཐབས་མེད་ཟེར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱབ་སྐྱོར་འོག་དེ་ལྟར་བྱེད་འདོད་ཡོད་ཀྱང་། གལ་ཏེ་འུ་ཐུག་ན་ང་ཚོ་རང་ཉིད་ཀྱིས་ཡོངས་འགྲུབ་བྱེད་ངེས་ཡིན་ཟེར།

པུའུ་ལིན་ཁུན་ཚེས་ཉི་ཤུ་ཉིན་སོ་ཏི་ཨ་རབ་ཏུ་བསླེབས་ནས་དབུས་ཤར་འགྲུལ་བཞུད་མགོ་བརྩམས་པ་དང་། ཚེས་ཉེར་གཉིས་ཉིན་གྱི་དབྱི་སི་རལ་དུ་འཚམས་འདྲི་མ་བྱས་གོང་ཨེ་ཅིབ་ཏུ་འཚམས་འདྲི་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།