ལྗོངས་ཡོངས་ཀྱི“ཞིང་ཕན་eདངུལ་བུན་དང་ཚོང་དུད་དངུལ་བུན”ཐོག་མ་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2024-03-06 12:03:32

ཞིང་འབྲེལ་ཚོང་དུད་ཚོགས་པར་དངུལ་རྩའི་ཞབས་འདེགས་སྔར་བས་ཡག་པོ་ཞུ་ཆེད། འདི་ལོའི་ལོ་སྟོད་དུ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ཞིང་ཕན་eདངུལ་བུན་དང་ཚོང་དུད་དངུལ་བུན”ཁྱབ་གདལ་བཏང་ཞིང་། ཉེ་དུས་ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་མཚོ་སྣ་རྫོང་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཞིང་ལས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གི་གྲོང་གསེབ་དར་རྒྱས་དཔེ་སྟོན་ས་ཚིགས་བཀྲ་མཐོང་གྲོང་ཚོར་ལྗོངས་ཡོངས་ཀྱི“ཞིང་ཕན་eདངུལ་བུན་དང་ཚོང་དུད་དངུལ་བུན”ཐོག་མ་སྟེ་སྒོར་ཁྲི་45བཏང་སྟེ། བྱ་ཐབས་དངོས་དང་སྤུས་ལེགས་ཀྱི་ཞབས་ཞུར་བརྟེན་ནས་གྲོང་ཁྱེར་གྱི་ཁེར་རྐྱང་ཚོང་དུད་ཀྱི་མ་རྩ་མཉམ་འདྲེས་ཀྱི་དགོས་མཁོ་བསྐངས་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ཞིང་ཕན་eདངུལ་བུན་དང་ཚོང་དུད་དངུལ་བུན”ནི་ཞིང་ལས་ཐོན་རྫས་ཉོ་སྒྲུབ་དང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་བརྒྱུད་འཚོང་། ཞིང་འཕྲུལ་ཉོ་སྒྲུབ་བཅས་དང་དེ་བཞིན་ཁྲོམ་ར་གཉེར་སྐྱོང་སོགས་ཀྱི་བྱེད་སྒོའི་ནང་ཞུགས་མཁན་སྤྱིར་བཏང་ཞིང་དུད་དང་། ཁེར་རྐྱང་བཟོ་ཚོང་། ཕྲན་ཚེགས་ཁེ་ལས་ཀྱི་དོ་བདག་སོགས་ཚོགས་སྤྱིར་ཕྱོགས་ནས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་ཞིང་ལས་དངུལ་ཁང་གི་འབྲེལ་ཡོད་ལམ་ལུགས་གཏན་འབེབས་ལྟར་ཐོན་སྐྱེད་གཉེར་སྐྱོང་རྣམ་གྲངས་དང་འཚམ་པའི་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གསར་པ་མཁོ་འདོན་བྱས་པ་དང་། དེས་ཞིང་འབྲེལ་ཚོང་དུད་ཚོགས་པའི་མ་རྩ་མཉམ་འདྲེས་ཀྱི་ཐབས་ལམ་དེ་བས་རྒྱ་ཆེར་བཏང་ནས། དངུལ་རྩས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།